[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • པད་མ་སྟེང་གྲོང་ཚོའི་ཆེས་བདེ་སྐྱིད་ལྡན་པའི་བཟའ་ཚང་།

    —— ཡུས་སན་འར་དང་བསོད་ནམས་སྒྲོལ་མ་བཟའ་ཚོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-25

    བསོད་ནམས་སྒྲོལ་མ་ནི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་པད་མ་སྟེང་གྲོང་ཚོ་ནས་ཡིན་པ་དང་། འདི་ལོ་ལོ་30ལ་སླེབས་ཀྱི་ཡོད། ཁོ་མོ་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་ལ་ཚང་མས་ཡིད་སྨོན་བྱེད་པའི་བདེ་སྐྱིད་ཆེ་ཤོས་ཀྱི་བུད་མེད་ཅིག་དེ་བས་རེད།

    ཁོང་གི་བདེ་སྐྱིད་ནི་གྲོང་ཚོའི་ནང་གི་མཛེས་ཤོས་དང་ཡག་ཤོས་ཀྱི་སྡོད་ཁང་ལས་བྱུང་བ་ཞིག་རེད་ཅེས་བརྗོད་པ་ལས་ཁོང་གི་བཟའ་ཟླ་ཡུས་སན་འར་ལས་བྱུང་བ་ཞིག་རེད་ཅེས་བརྗོད་ན་ལེགས།

    པད་མ་སྟེང་གྲོང་ཚོ་རྣམ་གླིང་རྫོང་གྲོང་དང་བར་ཐག་སྤྱི་ལེ་6ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། ལོ་14ཡི་གོང་ཡུས་སན་འར་གྲོང་ཚོའི་ནང་ཨར་ལས་བྱེད་པར་ཡོང་ནས་བསོད་ནམས་སྒྲོལ་མ་དང་ངོ་ཤེས། དེ་དུས་ལོ་17ལ་སླེབས་པའི་བསོད་ནམས་སྒྲོལ་མས་རྒྱ་སྐད་བདེ་པོ་ཞིག་རྒྱག་ཐུབ་ཀྱི་ཡོད་པས་གྲོང་ཚོའི་ནང་གི་སྐད་སྒྱུར་བ་ཞིག་རེད། ཁོང་གིས་ཨར་ལས་རུ་ཁག་དང་ས་གནས་དེ་གའི་གྲོང་མིའི་དབར་སྐད་སྒྱུར་བྱེད་ཀྱི་ཡོད། ལོ་37ལ་སླེབས་པའི་ཡུས་སན་འར་ཨར་ལས་རུ་ཁག་གི་ཨར་ལས་པ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ལས་ལ་བརྩོན་ཞིང་བདེན་པ་བདེན་ཐུབ་ཀྱི་གཤིས་རྒྱུད་ལས་བསོད་ནམས་སྒྲོལ་མའི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་ནས་གྲོང་ཚོ་དེའི་ནང་གི་ལོ་ཚད་ཧེ་བག་ཆེ་ཤོས་ཀྱི་དགའ་རོགས་ལ་གྱུར།

    ལོ་གཅིག་ཙམ་དགའ་རོགས་སྒྲིག་རྗེས་ཁོང་གཉིས་གཉེན་སྒྲིག་བྱས་པ་རེད། འོན་ཀྱང་བསོད་ནམས་སྒྲོལ་མའི་ཁྱིམ་ཚང་དབུལ་པོ་ཡིན་སྟབས་གཉེན་སྒྲིག་བྱས་མ་ཐག་པའི་ཁོང་གཉིས་ལ་སྡོད་ཁང་མེད་པས་མཐར་བསོད་ནམས་སྒྲོལ་མའི་གཅེན་པོས་གྲ་སྒྲིག་བྱས་པའི་བ་ཚང་ནང་སྡོད་དགོས་བྱུང་བ་རེད། “སྐབས་དེ་དུས་ང་གཉིས་ལ་བ་ཚང་སྨི་ངོས་གྲུ་6.7དེ་ཕུད་གཞན་གང་ཡང་མེད”ཅེས་གཉེན་སྒྲིག་བྱས་མ་ཐག་པའི་འཚོ་བའི་གནས་ཚུལ་ལ་དྲན་གསོ་བྱེད་བཞིན་ཡུས་སན་འར་གྱིས་མགོ་བོ་གཡུག་གཡུག་བྱེད་བཞིན་དུ་བཤད།

    “དེ་ནས་བཟུང་རང་ཉིད་ཀྱིས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུའི་དམ་བཅའ་བཞག་པ་ཡིན་ལ་བསོད་ནམས་སྒྲོལ་མ་གྲོང་ཚོའི་ནང་གི་བདེ་སྐྱིད་ཆེ་ཤོས་སུ་འགྱུར་བ་བྱ་རྒྱུའི་དམ་བཅའ་ཡང་བཞག་པ་ཡིན”ཡུས་སན་འར་གྱི་བཟའ་ཟླ་བསོད་ནམས་སྒྲོལ་མའི་ལྕག་སྐུལ་དང་རོགས་རམ་འོག་ཁོང་ཚོའི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན།

    ལོ་འགའི་གོང་ཡུས་སན་འར་ཆབ་མདོ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་སོགས་སུ་ཨར་ལས་ལས་མི་བྱེད་མྱོང་བ་དང་རྗེས་སུ་ཨར་ལས་འགན་གཙང་ལེན་མཁན་ཆུང་ཆུང་ཞིག་ཏུ་གྱུར་པ་རེད། ད་ཆ་ཡུས་སན་འར་རྣམ་གླིང་རྫོང་དུ་སྐད་གྲགས་ཆོད་པའི་ཨར་ལས་འགན་གཙང་ལེན་མཁན་ཞིག་ཏུ་གྱུར་ཡོད།

    2016ལོར་ཡུས་སན་འར་གྱིས་མ་དངུལ་སྒོར་ཁྲི་90བཏང་ནས་གྲོང་ཚོའི་ནང་གི་སྡོད་ཁང་ཡག་ཤོས་ཤིག་བརྒྱབ།

    བསོད་ནམས་སྒྲོལ་མའི་ཁྱིམ་དུ་སྐྱོད་སྐབས་ཧ་ཅང་དཀར་ཆ་དོད་ཅིང་། མངོན་གསལ་དོད་ཤོས་ནི་ཚོམས་ཆེན་དུ་བཞག་པའི་ཁྲོམ་རའི་གོང་ཚད་སྒོར་ཁྲི་2ལྷག་ཙམ་རི་བའི་འཁྱོག་ངོས་བརྙན་འཕྲིན་ཆེན་པོ་དེ་རེད། ཁོང་ཚོ་དང་མཉམ་དུ་སྡོད་ཀྱི་ཡོད་པའི་བསོད་ནམས་སྒྲོལ་མའི་ཨ་མ་ལོ་68ལ་སླེབས་རུང་གཟུགས་པོ་ཧ་ཅང་ཐང་པོ་འདུག གསར་འགོད་པས་རྒྱ་རིགས་མག་པ་དེ་གང་འདྲ་འདུག་གམ་ཞེས་སྐད་ཆ་འདྲི་སྐབས་ཁོང་གིས་ཧ་ཅང་ཡག་པོ་ཡོད་ཅེས་བརྗོད། དེ་དང་འདྲ་བར་ལོ་80ལ་སླེབས་པའི་ཡུས་སན་འར་གྱི་པ་ཕས་ཀྱང་བོད་རིགས་མནའ་མ་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    ཁོང་ཁྱིམ་ནང་གི་བུ་གསུམ་པ་དེ་ཡིན་པས་ཡུས་སན་འར་ཞེས་བརྗོད་པ་ལས་ཁོང་གི་མིང་ངོ་མར་ཡུས་དབྱི་ཀུའེ་ཞེས་བརྗོད་ཀྱི་ཡོད། བསོད་ནམས་སྒྲོལ་མས་ཁོང་ལ་ཡུས་སན་འར་ཞེས་འབོད་ཀྱི་ཡོད་པས་པད་མ་སྟེང་གྲོང་ཚོའི་གྲོང་མི་ཚང་མས་ཁོང་ལ་ཡུས་སན་འར་ཞེས་འབོད་པ་ལས་མང་ཆེ་བས་ཁོང་གི་མིང་ངོ་མ་ཤེས་ཀྱི་མེད།

    “བསོད་ནམས་སྒྲོལ་མ་གྲོང་ཚོའི་ནང་གི་བདེ་སྐྱིད་ཆེ་ཤོས་ཀྱི་བུད་མེད་དུ་འགྱུར་བ་བྱ་རྒྱུའི”ཡུས་སན་འར་གྱིས་ཐོག་མར་བཞག་པའི་དམ་བཅའ་མངོན་འགྱུར་བྱུང་བ་རེད། ད་ཆ་བསོད་ནམས་སྒྲོལ་མ་པད་མ་སྟེང་གྲོང་ཚོ་ཙམ་མ་ཟད་རྣམ་གླིང་གྲོང་རྡལ་དུ་བདེ་སྐྱིད་ཆེ་ཤོས་ཀྱི་བུད་མེད་དུ་གྱུར་པ་རེད།

    འབྱུང་འགྱུར་གྱི་འཆར་འགོད་སྐོར་གླེང་སྐབས་ཡུས་སན་འར་གྱིས་པད་མ་སྟེང་གྲོང་ཚོའི་གྲོང་མི་ཞིག་གི་ངོས་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་སོ་ཕག་བཟོ་གྲྭའི་གཞི་ཁྱོན་སྔར་བས་རྒྱ་ཆེ་རུ་བཏང་ནས་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་སྔ་ཙམ་དབུལ་སྒྲོལ་ཐུབ་པ་བྱ་རྩིས་ཡོད་ཅེས་བཤད།

    513301_yis_1526618533689.jpg

    འདི་ནི་ཡུས་སན་འར་གྱིས་ཨ་མའི་གདོང་འཁྲུད་བཞིན་པ།

    513297_yis_1526618530647.jpg

    འདི་ནི་ཡུས་སན་འར་གྱིས་མེ་ཏོག་ཡལ་བཞུར་རྒྱག་བཞིན་པ།

    513293_yis_1526618526996.jpg

    འདི་ནི་བསོད་ནམས་སྒྲོལ་མའི་ཨ་མ་ཤེལ་ཁང་ནང་ངལ་གསོ་རྒྱག་བཞིན་པ།

    513299_yis_1526618532410.jpg

    འདི་ནི་ཡུས་སན་འར་དང་བསོད་ནམས་སྒྲོལ་མ་འཆམ་མཐུན་མཉམ་གནས་ཀྱི་བདེ་སྐྱིད་འཚོ་བར་རོལ་བ།

    513296_yis_1526618529586.jpg

    འདི་ནི་ཡུས་སན་འར་གྱིས་ས་འབུད་འཕྲུལ་འཁོར་བཏང་ནས་སོ་ཕག་བཟོ་གྲྭར་ལས་ཀ་བྱེད་བཞིན་པ།

    513300_yis_1526618532956.jpg

    འདི་ནི་བསོད་ནམས་སྒྲོལ་མའི་ཨ་མས་ཁ་པར་རྒྱག་བཞིན་པ།

    513294_yis_1526618527683.jpg

    འདི་ནི་ཡུས་སན་འར་དང་བསོད་ནམས་སྒྲོལ་མ་གཉེན་སྒྲིག་བྱེད་སྐབས་སྡོད་སའི་ཁང་པ་ཡིན་པ།

    513292_yis_1526618526232.jpg

    འདི་ནི་བསོད་ནམས་སྒྲོལ་མ་མ་སྨད་གཉིས་ཀྱི་འདྲ་པར་ཡིན་པ།

    513302_yis_1526618534297.jpg

    འདི་ནི་ཡུས་སན་འར་གྱིས་ཨ་མ་སྐྱོར་ནས་ཕྱིར་འཆམ་འཆམ་དུ་འཁྲིད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།