[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-12

    འདི་ལོའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དེ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཐོག གྲོང་ཚོ(གྲོང་ལྷན)ཁག་ལ་རོགས་འདེགས་ཀྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་བཏང་བ། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་གྱི་ལས་བྱེད་མང་ཚོཌ་སྐུལ་སློང་གིས་དམངས་ཡོངས་རྩྭ་འདེབས་སྡོང་འཛུགས་ཀྱི་རྒྱལ་ཁབ་ས་ཆ་ལྗང་འགྱུར་བྱ་སྤྱོད་སྤེལ་བ་དང་། “གསང་སྤྱོད་གསར་བརྗེ”ལ་སྐུལ་འདེད་གཏོང་བ། གཞི་རིམ་ལས་བྱེད་མང་ཚོགས་ལ་གད་སྙིགས་གཙང་ཕྱགས་དང་རྩྭ་འདེབས་སྡོང་འཛུགས་སོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་རྒྱུའི་སྣེ་ཁྲིད་བཅས་བྱས་ནས་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད།

    གྲོང་གསེབ་བཅོས་སྒྲིག་བྱེད་སྟངས་གསར་གཏོད་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་རྣམ་པ། སྣེ་ཁྲིད་རྣམ་པ། དམག་འཐབ་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། “ཡུལ་སྨད་ལ་སློབ་སྦྱོང་བྱས་ནས་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་དང་མཐའ་མཚམས་བརྟན་སྲུང་གིས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུའི”དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་ཧུར་ཐག་སྤེལ་ནས། མཐའ་མཚམས་མང་ཚོགས་ལ་མཐའ་མཚམས་བགྲོད་ལམ་ཡག་པོར་བསྲུངས་ཏེ་རང་འགུལ་སྒོས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་བ། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་བྱས་ནས“བོད་ནས་ཨང་2000”དང“དགུན་གྲོ་ཨང་18”སོགས་སོན་བཟང་འདེབས་རྒྱུར་སྐུལ་འདེད་བཏང་བའི་ཁར། ནོར་ལུག་རྒྱགས་གསོ་འདུ་འགོད་ཧུར་ཐག་སྤེལ་ཏེ། འབྲུ་རིགས་དང་ཤ་རིགས་ཀྱི་ཐོན་འབབ་འཕར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད། “ཁེ་ལས+རྟེན་གཞི+ཞིང་དུད”དང་“ཁེ་ལས+ཆེད་ལས་མཉམ་ལས་ཁང་+ཞིང་དུད”སོགས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་བརྡལ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོས་ཐག་གང་ཉེ་དང་སྟབས་གང་བདེའི་ངང་ཐོན་ལས་འཕེལ་རྒྱས་ནང་ཞུགས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།