[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཞིང་ཐང་གྲུ་བཞིར་ཚན་རྩལ་ཉི་འོད་འཕྲོས། ལོ་ལེགས་སྙེ་མའི་ཚོགས་ཀྱིས་མགོ་ལྕོག་ལྡེམ།

    — གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

    མཁོ་སྤྲོད་ཐད།

    ཐོན་ནུས་ཆེ་རུ་གཏོང་བར་ཤུགས་བརྒྱབ་པ།

    གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག གཞིས་རྩེའི་ས་གཞི་ཆེ་མོར་སྤུས་ཕན་མཐོར་གཏོང་དང་། ཚན་རྩལ་འདེགས་སྐྱོར། ཐོན་ལས་སྐུལ་སྤེལ། ལྗང་མདོག་ཐོན་སྐྱེད་བཅས་མཉམ་དུ་འཁོར་སྐྱོད་ཐུབ་སྟེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཐུབ་པ་བྱུང་ཡོད།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་དང་པད་ཁའི་ཐོན་སྐྱེད་བསྡོམས་འབོར་ཏུན་ཁྲི་46.48ཟིན་པ་ལས་འབྲུ་རིགས་ཐོན་འབབ་ཏུན་ཁྲི་43.32དང་པད་ཁའི་ཐོན་འབབ་ཏུན་ཁྲི་3.16ཟིན་པ་དང་། སྔོ་ཚལ་ཐོན་འབབ་ཏུན་ཁྲི་34.62 གཟན་ཆག་ཐོན་འབབ་ཏུན་ཁྲི་24.09 ཕྱུགས་རིགས་སྤུ་གསར་མགོ་གྲངས་ཁྲི་169.9 ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་466.9ཟིན་པ། ཤ་དང་། འོ་མ། སྒོ་ང་བཅས་ཀྱི་ཐོན་འབབ་ཏུན་ཁྲི་4.4དང་། ཏུན་ཁྲི་9.7 ཏུན་893སོ་སོར་ཟིན་ཡོད།

    སྒྲིག་འཛུགས་ཞིབ་ཚགས་དང་། ཞབས་འདེགས་ལེགས་སུ་གཏོང་བ། མ་རྩ་ཕོན་ཆེན་གཏོང་བ་བཅས་ལ་བརྟེན་ནས་ཐོན་འབབ་མང་དུ་གཏོང་ཐབས་བྱས་ཡོད། 2017ལོར་ནས་མུའུ་ཁྲི་85.1བཏབ་པར་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་38.48ཟིན་ཏེ་ཆ་སྙོམས་མུའུ་རེ་ནས་རྒྱ་མ་51མང་དུ་སོང་བ་དང་། དུད་ཚང་རེར་ཡོང་འབབ་སྒོར་1500འཕར་བ། ནས་ཀྱི་སོན་བཟང“ཇོ་མོ་གླང་མ་ཨང་22པ”མུའུ་ཁྲི་42.92དང“བོད་ནས་ཨང་2000”མུའུ་ཁྲི་28.06བཏབ་ནས་སོན་བཟང་ཁྱབ་གདལ་གཏོང་ཚད་91.56%ཡན་བརྟན་པོ་བྱུང་བ། རྫོང་དང་ཆུས་16ལ“མུའུ་བརྒྱ་རེར་རྒྱ་མ་སྟོང”ལོན་པའི་དཔེ་སྟོན་ཞིང་ཁ་86དང“མུའུ་སྟོང་རེར་རྒྱ་མ་སྟོང”ལོན་པའི་ཐོན་མཐོའི་ནས་འདེབས་འཛུགས་ཀྱི་དཔེ་སྟོན་ཞིང་ཁ་14བསྐྲུན་ཡོད།

    ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་གཞིགས་ནས་འབྲོག་ལས་ཐོན་ཟོག་གི་སྤུས་ཚད་མཐོ་རུ་བཏང་བ། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་བྱེད་སྒོ་དང་། སྲོག་ཆགས་དང་རྩི་ཤིང་གི་ནད་ཡམས་ཞིབ་བཤེར། ཞིང་ལས་ཐོན་ཟོག་གི་ཞིང་སྨན་ལྷག་འཕྲོའི་འཆར་ཅན་ཞིབ་བཤེར་ཚད་ལེན་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་ཞིང་ལས་ཐོན་ཟོག་གི་སྤུས་ཚད་ཞིབ་བཤེར་ལྟེ་གནས་འཛུགས་པའི་ལས་དོན་ལ་སྐུལ་མ་མགྱོགས་སུ་བཏང་བ་མ་ཟད། སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞིས་རྩེའི་ནས་དང་འོ་མ་སོགས་ཀྱི་རྣམ་གྲངས་5ས་ཁམས་མཚོན་རྟགས་ཀྱི་ཚོང་རྟཌ་སུ་ཐོ་འགོད་བྱེད་པའི་ལས་དོན་ཡང་བསྒྲུབས་ཡོད།

    ཚན་རྩལ་ཐད།

    ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་བརྒྱབ་པ།

    ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། ཞིང་ལས་ཚན་རིག་སུའོ་རྨང་གཞིར་བྱས་ཏེ་ཚན་ཞིབ་ཚོད་ལྟའི་རྣམ་གྲངས་10ལག་ལེན་བསྟར་ཏེ་ནས་དང་། པད་ཁ། ཞོག་དམར། གྲོ། འབྲས་སོགས་སྣེ་ཁ་170ཚོད་འདེབས་བྱས་ཤིང་། གྲོང་ཁྱེར་རྩྭ་ཐང་ས་ཚིགས་ཀྱི་རྩྭ་རའི་རྟེན་གཞི་དང“315”ཡི་ཚན་ཞིབ་རྟེན་གཞི་རྨང་གཞིར་བྱས་ནས་རང་སའི་རི་སྐྱེས་རྩྭ་སྣ་7འདུལ་གསོ་དང་སི་ཁྲོན་དང་ཀན་སུའུ་ནས་ཁྱེར་ཡོང་བའི་རྩྭ་རའི་རྩྭ་སྣ་13ལ་བསྡུར་བའི་ངང་ཚོད་ལྟ་བྱས་པར་སྣེ་ཁ་བདུན་འདུལ་གསོ་ཐུབ་ཡོད།

    ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱས་པ། ནས་ཐོན་འཕར་བྱ་སྤྱོད་སྤེལ་ནས་འདེབས་འཛུགས་ལས་རིགས་ཀྱི་གསོ་སྦྱོང་ཐེངས་140ལྷག་དང་མི་ཁྲི་2.7གསོ་སྦྱོང་བྱས་ཡོད། ས་ཞིང་གི་དབང་ཆ་གཏན་འཁེལ་གྱི་ལས་དོན་སྤེལ་བ་བརྒྱུད་གསོ་སྦྱོང་ཐེངས་4བྱས་ཏེ་མི་ཐེངས་300ལྷག་ཙམ་ལ་གསོ་སྦྱོང་དང་འབྲོག་ལས་ལག་རྩལ་གསོ་སྦྱོང་ཐེངས་གཉིས་བྱས་པས་མི་ཐེངས་100ལྷག་ལ་གསོ་སྦྱོང་ཐུབ་ཡོད།

    ཞིང་འབྲོག་ལས་དེང་རབས་ཅན་དང་། འཕྲུལ་ཆས་ཅན། སྒྲིག་ཆས་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་བརྟན་དུ་བཏང་བ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྦེ་ཚབ་གྲོང་ཚོའི་ནས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་བའི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཐོན་སྐྱེད་རྒྱུ་ཆར་མ་འཇོག་དང་། ཞིང་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་འཕྲུལ་ཆས་ཅན་གྱི་ཞབས་ཞུ་དང་བྱ་དགའི་ལྕག་སྐུལ་བཅས་ཀྱི་ལམ་སྲོལ་འཛུཌ་པ་དང་འཐུས་ཚང་དུ་བཏང་བས་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་།

    ཐོན་ལས་ཐད།

    ཐོན་ལས་ཀྱི་སྣེ་ཁྲིད་ཡག་པོ་བྱས་པ།

    ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་17གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5ཙམ་ཟིན་པ་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་681ཡོད་པར་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་3.8ཟིན་ནས་ཞིང་དུད་ཁྲི་2.7ལ་ལས་ཀ་རག་ཡོད། ཐོན་ལས་ནས་འགོ་རྩོམ་པ་དང་ཐོན་ལས་ཀྱིས་སྣེ་ཁྲིད་བྱས་ཏེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་དང་ཞིང་འབྲོག་ལས་ཀྱི་གནད་སྨིན་དབུལ་སྐྱོར་ཆུ་ཚད་མགྱོཌ་མྱུར་མཐོ་རུ་བཏང་ཡོད།

    འཆར་འགོད་སྣེ་ཁྲིད་ལ་བརྟེན་ནས་ཇུས་འགོད་ལ་ཤུཌ་སྣོན་བརྒྱབ་པ། 《ཇོ་མོ་གླང་མའི་སྐྱེ་ལྡན་གསོ་ཚགས་ལས་སྣོན་ཐོན་ལས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད》བཟོས་ནས་མ་ལག་ཆེན་པོ་ལྔའི་རྣམ་གྲངས་77བཏོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་94.56བཏང་བ་དང་། 2017ལོར་རྣམ་གྲངས་26བསྐྲུན་འགོ་ཚུཌ་ཡོད།

    དབུལ་སྐྱོར་ཐོན་ལས་ལ་བརྟེན་ནས་དབུལ་པོ་ལས་བསྒྲལ་བ། 《2017ལོའི་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་ལག་བསྟར་བྱ་ཐབས》བཟོས་ནས་གནད་སྨིན་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་གྲངས་209ལས་འགོ་བརྩམས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་34.8བཏང་བ་དང་། 2017ལོར་རྣམ་གྲངས་54ལེགས་གྲུབ་ཟིན་ཏེ་མི་ཁྲི་5.6ལ་ཕན་པ་ཐོབ་ཡོད།

    མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་བརྟེན་ནས་བདེ་སྐྱིད་དོན་གཉེར་བྱས་པ། 《གཞིས་རྩེ་གྲོང་ཁྱེར་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་གཏོད་པའི་ཐོན་ལས་འཛུགས་སྐྲུན་གྱི་འཕེལ་རྒྱས་འཆར་འགོད(2017ལོ་ནས་2020ལོ་བར)》བཟོས་ནས་གྲོང་ཁྱེར་རིམ་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་5དང་རྫོང་རིམ་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་9རེ་འདུན་ཞུས་པ་དང་ཆབས་ཅིག་མཛེས་སྡུག་ལྡན་པའི་སོས་དལ་གྲོང་ཚོ་2རེ་འདུན་ཞུས་ཡོད།

    ལྗང་མདོག་ཐོན་སྐྱེད་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་བྱས་པ། རྫས་ལུད་དང་ཞིང་སྨན་མི་སྤྱོད་པའི་བྱ་སྤྱོད་སྤེལ་ཏེ་ཚན་རིག་དང་མཐུན་པར་ལུད་རྒྱག་པ་དང་སྦྱོར་རྟ་བྱས་པའི་ལུད་རྒྱག་པ་སོགས་ཀྱི་དཔེ་སྟོན་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཡོད། རྩྭ་ར་དང་འདམ་ར་སྲུང་སྐྱོང་ལ་གཞིཌ་ཏེ་མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་པའི་རྟེན་གཞི་འཛུཌ་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་པའི་རྟེན་གཞིའི་གཟན་རྩྭ་སོར་འཇོག་བྱེད་ཁྱོན་མུའུ་ཁྲི་40.84ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།