[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷུན་གྲུབ་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་འགྲོ་སྐྱོད་དཀའ་གནད་བསལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-21

     ཉེ་ཆར། ལྷུན་གྲུབ་རྫོང་གིས་རྫོང་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་ཚད་ཡོད་ཀུང་སིའི་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོ་དང་རྫོང་གི་གྲོང་གསེབ་སྤྱི་སྤྱོད་རླངས་འཁོར་འགྲུལ་སྐྱེལ་འགོ་ཚུགས་མཛད་སྒོ་གཉེར་བ་རེད། ད་ཐེངས་ཀྱི་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་འགྲུལ་སྐྱེལ་འགོ་ཚུགས་མཛད་སྒོ་གཉེར་བ་དེས་ལྷ་ས་གྲོང་ཁྱེར་དང་རྫོང་དབར་གྱི་འགྲུལ་སྐྱེལ་ལམ་ཐིག་སྒྱུར་བཅོས་དངོས་སུ་འགོ་ཚུགས་པ་མཚོན་པ་མ་ཟད། ལྷུན་གྲུབ་རྫོང་གིས་ཉོས་པའི་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གསར་པ་16བེད་སྤྱོད་བྱས་རྗེས་ལྷུན་གྲུབ་རྫོང་གི་ཤང་གྲོང་10ལ་ཁྱབ་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།

    ལྷུན་གྲུབ་རྫོང་སྒྱུར་འཕེལ་ཨུ་ལྷན་གྱི་ལས་དོན་མི་སྣས་ད་ཐེངས་ཀྱི་སྤྱི་སྤྱོད་རླངས་འཁོར་འགྲུལ་སྐྱེལ་ཀུང་སི་བཙུགས་པར་རྫོང་གིས་སྒོར་ཁྲི་300ལྷག་བཏོན་ནས་རྐུབ་བཀྱག་17ཡོད་པའི་སྤྱི་སྤྱོད་རླངས་འཁོར་16ཉོས་པ་དང་། རྫོང་གྲོང་ལྷོ་ཕྱོགས་ཀྱི་ལམ་ཐིག་དྲུག་ལ་སྤྱི་སྤྱོད་རླངས་འཁོར་6དང་། ཐང་མགོ་ཤང་གཙང་གཞུང་གྲོང་ཚོ་ནས་རྫོང་གྲོང་དབར་སྤྱི་སྤྱོད་རླངས་འཁོར་1 ངར་ནང་ཤང་དང་ཕུ་མདོ་ཤང་ནས་རྫོང་གྲོང་བར་སྤྱི་སྤྱོད་རླངས་འཁོར་1 རྫོང་གྲོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་གྱི་གྲོང་སྐོར་ལམ་ཐིག་ལ་སྤྱི་སྤྱོད་རླངས་འཁོར་1 རྫོང་དབར་ལམ་ཐིག་ཏུ་སྤྱི་སྤྱོད་རླངས་འཁོར་3 འཕྲལ་མཁོའི་རླངས་འཁོར་3བཅས་བཀོད་སྒྲིག་བྱས་ཏེ་ཤང་དང་གྲོང་རྡལ་10དང་རང་བྱུང་གྲོང་ཚོ་མང་ཆེ་བར་ཁྱབ་ཡོད་པ་དང་། 2018ལོའི་ཟླ་1པོ་ནས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དུས་ཚོད་སྐར་ཆ་20ནས་30བར་རླངས་འཁོར་ཐེངས་རེ་ཡོད་པ་མ་ཟད། པ་སེའི་རིན་གོང་ཡང་ཁེ་པོ་ཡོད་ཅེས་ངོ་སྤྲོད་བྱས།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གྲོང་གསེབ་ཀྱི་སྤྱི་སྤྱོད་འགྲུལ་སྐྱེལ་ལམ་ཐིག་འཁོར་སྐྱོད་བྱས་པ་དེས་སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པ་མ་ཟད། ཁྲིམས་འགལ་སྐྱེལ་འདྲེན་སོགས་ཀྱི་བྱེད་སྤྱོད་ལ་ཡང་རྡུང་རྡེག་ཚ་ནན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་གྱིས་མི་སེར་རྣམས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དངོས་གནས་དྲང་གནས་མཐོ་རུ་བཏང་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།