[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲ་ནང་རྫོང་གི་གྲོ་ཡུལ་ཆུ་མཛོད་ཀྱི“ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”གི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-21

    ཉེ་ཆར། གྲ་ནང་རྫོང་གི་གྲོ་ཡུལ་ཆུ་མཛོད་ཀྱི“ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”གི་ལས་གྲྭ(ཆུ་ཤར་གཏོང་དང་། གློག་ཤར་གཏོང་། ལམ་ཤར་གཏོང་བཅས་གསུམ་དང་ས་ཆ་ཁོད་སྙོམས)ཡི་ལས་འགོ་འཛུགས་པའི་མཛད་སྒོ་དཀྱིལ་རུ་ཤང་འོ་ལུང་གྲོང་ཚོར་འཚོགས་པ་དེས་གྲོ་ཡུལ་ཆུ་མཛོད་འཛུགས་སྐྲུན་དངོས་སུ་བྱེད་འགོ་ཚུགས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲ་ནང་རྫོང་དཀྱིལ་རུ་ཤང་དུ་གནས་པ་དང་། ཇུས་འགོད་བྱས་པའི་ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ལ་སྨི་ངོས་གྲུ་ཁྲི་1043ཟིན་པ། བྱེད་འཐུས་རང་བཞིན་ལྡན་པའི་ཞིབ་འཇུག་གི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་5.56ལྷག་ཙམ་གཏོང་རྒྱུ་བཅས་ཀྱི་གྲོ་ཡུལ་ཆུ་མཛོད་ནི་ཞིང་ལས་ལ་ཆུ་འདྲེན་རྒྱུ་གཙོ་བོར་བྱས་པ་གང་ཞིག་གྲོང་ཁྱེར་དང་གྲོང་རྡལ་ལའང་ཆུ་མཁོ་འདོན་ཐུབ་པའི་ཆུའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་གྲྭ་འབྲིང་གྲས་ཤིག་དང་། གྲ་ནང་རྫོང་དཀྱིལ་རུ་ཤང་དང་གྲ་ཐང་གྲོང་རྡལ་གྱི་ཆུ་འདྲེན་གནད་དོན་ཐག་གཅོད་ཀྱི་གཙོ་རྐང་ལས་གྲྭ་ཞིག གྲ་ནང་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གཙོ་གནད་ཆུ་བེད་ལས་གྲྭ་ཞིག་བཅས་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་ཆུ་མཛོད་སྨད་རྒྱུད་ཀྱི་དཀྱིལ་རུ་ཤང་དང་གྲ་ཐང་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་19ཡི་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་། སྔོན་དཔག་བྱས་ན། ཆུ་འདྲེན་ཚོད་འཛིན་གཞི་རྒྱ་མུའུ་ཁྲི་5.05ཟིན་རྒྱུའི་ནང་རྨོ་ཞིང་མུའུ་ཁྲི་3.1ལྷག་ཙམ་དང་ནགས(རྩྭ)ས་མུའུ་ཁྲི་1.95ལྷག་ཙམ་ཟིན་རྒྱུ་དང་མི་ཁྲི་1.23ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཆུ་མཛོད་དེས་ད་དུང་ལོ་ལྟར་གྲ་ནང་རྫོང་གྲོང་ལ་རིགས་ཁག་གི་སྤྱོད་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་200མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།