[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྲིད་ཇུས་དང་། སྒྲིག་གཞི། མ་དངུལ། བྱེད་ཐབས་བཅས་ཕྱོགས་ཚང་མའི་ཐོག་ནས “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”བསྐྲུན་རྒྱུར་འདེགས་སྐྱོར་བྱས་པ།

    རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    483222_yis_1518413424818.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་གྲོང་གསེབ་གཞུང་ལམ་གྱི་པར་རིས་ཡིན་པ།

    བོད་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་འཆར་འགོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་།

    2018ལོར་ཤང་དང་གྲོང་རྡལ་13དང་སྒྲིག་ཚུད་གྲོང་ཚོ་1152ལ་སྣུམ་ནག་ལམ་འདིང་བའི་རྣམ་གྲངས་ལག་ལེན་བསྟར་འགོ་འཛུགས་རྒྱུ།

    2017ལོར་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་1374བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་422.43བཏང་བ་དང་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་6887གསར་དུ་བསྐྲུན་པ།

    2012ལོར་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་53244ཟིན་པ་བཅས་སོ།

    ཉེ་ཆར་གསར་འགོད་པར་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་དང་། ཤང་དང་གྲོང་རྡལ་100%དང་སྒྲིག་ཚུད་གྲོང་ཚོ་80%ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་པ། ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱ་རྒྱུ་ཡིན་པ་རེད།

    “མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་རང་ལྗོངས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད”རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཡུང་ཅིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་ཆེད།

    སླད་ཕྱིན་ལོ་གསུམ་ནང་རང་ལྗོངས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུའི་སྐོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་གཞི་མཛུབ་སྟོན་དུ་བྱས་ཏེ། སྲིད་གཞུང་གི་གཙོ་ཁྲིད་དང་འགན་ལེན་ནུས་པ་འདོན་སྤེལ་གྱིས་སྲིད་ཇུས་དང་། སྒྲིག་གཞི། མ་དངུལ། བྱེད་ཐབས་བཅས་ཀྱི་ཐོག་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པ་དང་། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གཙོ་གནད་དུ་བྱས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་དྲ་རྒྱ་ཅན་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཤང་དང་གྲོང་རྡལ་དང་། སྒྲིག་ཚུད་གྲོང་ཚོ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ། གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་སོགས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བཅས་བྱས་ནས་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་སྔོན་ཚུད་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག གྲོང་གསེབ་ཀྱི་སྐྱེལ་འདྲེན་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་2020ལོར་སླེབས་སྐབས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དུ་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་ཚད་100%དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་80%ཟིན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཚད་2012ལོའི་སྤྱི་ལེ་53244ནས་མིག་སྔའི་སྤྱི་ལེ་60421བར་འཕར་ནས་ཤར་གཏོང་ཐུབ་ཚད་དང་ཤར་གཏོང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད། 2017ལོར་ལྗོངས་ཡོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་1374བཀོད་སྒྲིག་བྱས་པ་ཁོ་ནར་མ་དངུལ་སྒོར་དུང་ཕྱུར་422.43བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་6887གསར་དུ་བསྐྲུན་པ་དང་ཤང་དང་གྲོང་རྡལ་40དང་སྒྲིག་ཚུད་གྲོང་ཚོ་166ཏུ་སྣུམ་ནག་ལམ་གསར་དུ་བཏིང་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་རྫོང་གྲོང་ནང་ནས་མེ་ཏོག་རྫོང་ཕུད་དེ་བྱིངས་ཚང་མར་སྣུམ་ནག་ལམ་བཏིང་ནས་ཤང་དང་གྲོང་རྡལ་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་99.71%ཟིན་པ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་99.52%ཟིན་ཡོད། ལྗོངས་ཡོངས་སུ་མེ་ཏོག་རྫོང་ཕུད་དེ་བྱིངས་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱུང་ནས་ཤང་དང་གྲོང་རྡལ་དུ་དུས་གཏན་རླངས་འཁོར་ཤར་གཏོང་བྱུང་ཚད་70.6%ཟིན་པ་དང་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་45.6%ཟིན་ཡོད་པ་རེད།

    ཡུང་ཅིས་2018ལོར་རང་ལྗོངས་ཀྱིས་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་ནུས་ལྡན་བྱས་ཏེ“མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི”གཞུང་ལམ་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་གཞུང་ལམ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་གྱི་འགྲོ་ལམ་བཅས་བསྐྲུན་མགྱོགས་སུ་གཏོང་བ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ། ཤང་དང་གྲོང་རྡལ་13དང་སྒྲིག་ཚུད་གྲོང་ཚོ་1152སུ་སྣུམ་ནག་ལམ་འདིང་བའི་ལས་དོན་རིམ་བཞིན་སྤེལ་འགོ་འཛུགས་པ་བཅས་བྱས་ནས་2019ལོར་སླེབས་སྐབས“ཤང་དང་གྲོང་རྡལ་དུ་100%དང་སྒྲིག་ཚུད་གྲོང་ཚོ་རུ་80%སྣུམ་ནག་ལམ་ཤར་གཏོང་ཐུབ་པ”བྱ་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།