[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྟེང་ཆེན་རྫོང་གིས་ལེགས་ཆར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-10

     འདི་ལོ་ནས་བཟུང་སྟེང་ཆེན་རྫོང་གི་ཤང(གྲོང་རྡལ)ཁག་གིས་རང་བྱུང་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ་ཞིང་ལས་དང་ནགས་ལས་སོགས་ཀྱི་ཐོན་ཁུངས་དང་ཡུལ་སྐོར་གྱི་ཕན་འབྲས་འཕར་མ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་འདབས་ཀྱི་སོས་དལ་ངལ་གསོ་དང་། སྣོད་བཅུད་ཞིང་ལས་ལྟ་སྐོར། བོད་ཁྱིམ་སྤྲོ་སྐྱིད་ཁང་སོགས་རིགས་མི་འདྲ་བའི་གྲོང་གསེབ་ཡུལ་སྐོར་གསར་སྤེལ་ཤུགས་ཆེན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 

    མིག་སྔར་སྟེང་ཆེན་རྫོང་དུ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་2ཡོད་ཅིང་། ལོ་སྟོད་དུ་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་མི་ཁྲི་2.8ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.8%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་42.38བྱུང་བ་དེ་དུས་མཚུངས་ལས་47.8%འཕར་ཡོད། ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་བཟའ་བཏུང་དང་། ཞག་སྡོད། རོལ་རྩེད་སོགས་ཀྱི་ཐོན་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་དང་སྐུལ་འདེད་ཐེབས་པ་དང་། སྟེང་ཆེན་རྫོང་གི་མིང་གྲགས་ཆེ་རུ་དང་གཟུགས་བརྙན་ལེགས་སུ་ཕྱིན་པ། རྫོང་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ནུས་པ་ཐོན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།