[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གངས་ལྗོངས་ས་མཐོའི་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་ཁུལ་།

    —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྲེ་ཀྲའོ་ས་གཙང་བདེ་ཐང་ཐོན་ལས་གླིང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-16

    405297_yis_1497502342288_s.jpg

    གྲོང་མི་ཞིག་གིས་དྲོད་ཁང་ཆེ་མོའི་ནང་ས་མེད་པར་བཏབ་པའི་ཆིན་ཚལ་ལ་ཡ་མཚན་ཆེན་པོས་ལྟ་བ།

    405296_yis_1497502341820_s.jpg

    གྲོང་མི་དང་ཡུལ་སྐོར་བས་མེ་ཏོག་འདེམས་ཉོ་བྱེད་བཞིན་པ།

    405289_yis_1497502337905_s.jpg

    ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་ལྟེ་གནས་ཀྱི་འོ་མ་འཇོ་ཁང་ནང་དེང་རབས་ཅན་གྱི་འོ་མ་འཇོ་ཆས་ཀྱིས་འོ་མ་བཞོ་བཞིན་པ།

    405292_yis_1497502339777_s.jpg

    ལས་དོན་མི་སྣས་ཁམ་བུ་སྤུ་མེད་ཐུམ་སྒྲིལ་བརྒྱབ་ནས་ཁྲོམ་རར་འདོན་རྩིས་ཡོད་པ།

    405293_yis_1497502340198_s.jpg

    ལས་དོན་མི་སྣས་ཀྲོ་མ་ཀྲུ་འདེམས་བཞིན་པ།

    405290_yis_1497502338591_s.jpg

    ཚད་ལྡན་ཅན་གྱི་གསོ་ཚགས་ར་བའི་ནང་གི་བཞོན་མ།

    405294_yis_1497502340728_s.jpg

    གྲོང་མིས་འོ་མ་ཉོ་བ།

    405298_yis_1497502342834_s.jpg

    ཁམ་བུ་སྤུ་མེད་སྨིན་པའི་དུས་སུ་ལྷ་སའི་གྲོང་མི་དང་ཡུལ་སྐོར་བས་ཁམ་བུ་སོས་པ་འཐུ་བཞིན་པ།

    405288_yis_1497502337468_s.jpg

    རྒྱལ་ཁབ་རིམ་པའི་ཚད་ལྡན་བཞོན་མ་གསོ་ཚགས་དཔེ་སྟོན་ཁུལ་གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ།

    ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྲེ་ཀྲའོ་བདེ་ཐང་ཐོན་ལས་གླིང་གིས་ལྟེ་བའི་ཆུས་ཀྱི་མི་ཤུགས་དང་། མ་དངུལ། ལག་རྩལ་བཅས་ཀྱི་ལེགས་ཆར་བརྟེན་ནས“སོས་དལ་དང་། སྤྲོ་འཆམ། གྲོང་ཁྱེར། དེང་རབས”བཅས་ཀྱི་གཞི་རྩའི་ངེས་གནས་མཐའ་འཁྱོངས་ཀྱིས་ས་མཐོའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་ཞིག་འཚོལ་ཞིབ་བྱས་པས་ལྷ་ས་གྲོང་ཁྱེར་གྱི་སྐྱེད་མོས་ཚལ་དང་ས་མཐོའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད། གཟའ་མཇུག་སླེབས་རིམ་བཞིན་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་དེ་གར་བསྐྱོད་དེ་དེང་རབས་ཞིང་ལས་ལ་ལྟ་བ་དང་། སྐྱེ་ལྡན་ཤིང་ཏོག་དང་སྔོ་ཚལ་སོས་པ་འཐུ་བ། སྤུས་ལེགས་ཀྱི་ཞིང་ཞོར་ཐོན་ཟོག་ཉོ་བ་སོགས་བྱས་ཏེ་ཞིང་ནང་དུ་གྲོང་གསེབ་ཀྱི་བག་ཕེབས་འཚོ་བར་རོལ་གྱི་ཡོད།

    ཚད་ལྡན་གྱི་བཞོན་མ་གསོ་ཚགས་ལྟེ་གནས་སུ་བསྐྱོད་སྐབས་ནེའུ་ཙི་ལན་ནས་ནང་འདྲེན་བྱས་པའི་དེང་རབས་ཅན་གྱི་འོ་མ་འཇོ་ཆས་50ཡིས་ཉིན་ལྟར་ཞོགས་པ་དུས་ཐོག་ཏུ་འོ་མ་སོས་པ་ཏུན་བརྒྱད་ལྷག་ཙམ་བཞོས་ནས་གཅིག་སྡུད་འོ་མ་ཉར་ཚགས་ཁང་དུ་ཉར་ཚགས་བྱེད་ཀྱི་ཡོད། ལྟེ་གནས་དེར་འདི་ལོ་ད་དུང“རྒྱལ་ཁབ་རིམ་པའི་ཚད་ལྡན་གྱི་བཞོན་མ་གསོ་ཚགས་དཔེ་སྟོན་ཁུལ”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། སླད་ཕྱིན་སྤུས་དག་གི་འོ་མ་སོས་པ་དེ་བས་མང་བ་འདི་ནས་གྲོང་མིར་འཚོང་རྒྱུ་ཡིན་པ་རེད།

    ཧེང་ཐུང་ཟོག་འགྲེམས་གླིང་དུ་དམངས་ཕན་སྔོ་ཚལ་ཐད་གཏོང་རླངས་འཁོར་མང་པོ་ཞིག་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། སོས་ཉར་གྲང་འཇོག་མཛོད་ཁང་ནང་ཤ་རིགས་དང་། སྒོ་ང་། འབྲུ་སྣུམ་སོགས་ཚོང་ཟོག་སྣ་ཁ་འཛོམས་ཡོད་པ་དང་། ལས་མི་ཚོ་གམ་གཙང་བའི་སྔོ་ཚལ་གཙང་བཟོ་ཁུལ་དུ་བྲེལ་བརྩོན་ཆེན་པོ་བྱེད་བཞིན་འདུག འདི་གར་ཞིང་ཞོར་ཐོན་ཟོག་སྣ་ཚོགས་ཡོད་ལ་ཀྲེ་ཀྲའོ་ཐོན་ལས་གླིང་གི་སྤུས་དག་ཐོན་རྫས་ཚང་མ་འདི་ནས་གྲོང་ཁྱེར་ཡོངས་སུ་འཚོང་གི་ཡོད།

    ཁམ་བུ་སྤུ་མེད་འདེབས་འཛུགས་གླིང་དུ་སླེབས་སྐབས་རྒྱང་རིང་སར་སྔོ་བའི་རི་དང་ཉེ་སར་སྔོ་ལྗང་ནེའུ་གསིང་ཆགས་པ་དང་། ཁམ་བུ་སྤུ་མེད་སྡོང་པོ་རེ་རེ་འབྲས་བུའི་ཁུར་གྱིས་ལྗིད་ནས་མགོ་བོ་དུད་འགོ་ཚུགས་འདུག ཟླ་བརྒྱད་པར་ལོ་འདབ་རྒྱས་པའི་ཁམ་སྡོང་ནས་དམར་ཐིང་ཐིང་གི་འབྲས་བུ་འཐུ་ཐུབ་པ་ཡིད་ལ་འཁོར་སྐབས་རེ་བའི་བློ་ཞིག་ངང་གིས་སྐྱེས་འོང་།

    ཐོན་ལས་གླིང་ཡོངས་སུ་མི་རྣམས་ཀྱིས་ཞེན་ཆགས་ཆེ་ཤོས་བྱེད་ས་ནི་རིག་ནུས་དྲོད་ཁང་ཆེ་མོ་སྟར་པ་མང་པོ་ཡོད་པ་དེ་དག་རེད། དྲོད་གཤེར་ལྡན་པའི་ཤེལ་ཁང་ནང་ཤིང་ཏོག་དང་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་ཡག་པོ་བྱུང་འདུག་པས་གནས་འདི་ནི་རྩྭ་རྩི་ཤིང་གི་ཞིང་ཁམས་དང་མེ་ཏོག་ལྟ་རོལ་བྱ་ཡུལ་ཞིག་རེད་ཅེས་བརྗོད་ན་མི་འགྲིག་པ་གཏན་ནས་མེད། དེའི་ནང་བསྐྱོད་སྐབས་སྐྱེ་བོ་རྣམས་ལ་སྐྱིད་ལྷང་ལྷིང་གི་ཚོར་བ་ཞིག་རང་བཞིན་གྱིས་སྐྱེ་འོང་།

    ལྗང་མདོག་དང་བདེ་ཐང་ནི་ཀྲེ་ཀྲའོ་ས་གཙང་བདེ་ཐང་ཐོན་ལས་གླིང་གི་འཕེལ་རྒྱས་དམིགས་ཡུལ་དང་གཞི་འཛིན་ས་རེད། ཐོན་ལས་གླིང་དེ་ཉིད་དེང་རབས་གྲོང་ཁྱེར་བའི་སྐྱེད་མོས་ཚལ་ཞིག་དང་གཉིས་སུ་མེད་པར་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ཟུར་ཞིག་ཏུ་འཇམ་ཐིང་ངེར་གནས་ཡོད། མ་འོངས་པར་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་བརྟེན་ནས“ཞིང་ལས་དང་ཟུང་འབྲེལ”གྱི་སྣ་མང་འཕེལ་རྒྱས་ལམ་བུར་བསྐྱོད་དེ་ས་མཐོའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཚེ་འདི་གར་སླར་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་རྣམ་པ་གཞན་ཞིག་ཆགས་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།