[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-17

    bdf2c3a5-19b1-48ac-ac6a-9ceb708729f7.jpg.jpg

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྐལ་བཟང་མེ་ཏོག་བཞད་པའི་ཐོན་ལས་གླིང་ནི་མལ་གྲོ་གུང་དཀར་རྫོང་གི་རྒྱལ་ཁབ་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་དཔེ་སྟོན་གླིང་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཐོན་ལས་གླིང་འདིས་མལ་གྲོ་གུང་དཀར་རྫོང་དུ་ཐོན་ལས་ཀྱི་གཞི་རྟེན་མེད་པའི་སྟོང་ཆ་བསྐངས་ཤིང་། མལ་གྲོ་གུང་དཀར་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་ཆེན་སློབ་མའི་ལས་གཏོད་ལས་ཞུགས་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། མལ་གྲོ་གུང་དཀར་རྫོང་གི་ཐོན་ལས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་གྲོང་མིས་རྫ་ཆས་བཟོ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།