[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • དཔའ་ཤོད་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས།

    ཁྱད་ལྡན་ཐོན་རྫས་གསོལ་མགྲོན་ཁང་གི་ཚོང་སྒྲོམ་ཐོག་བཤམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-24

    གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱ་ཆེད། དཔའ་ཤོད་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་བརྒྱུད་ཞིང་འབྲོག་པའི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། དཔའ་ཤོད་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་གསེབ་ཞབས་ཞུའི་མ་ལག་བཙུགས་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དང་། དྲ་ཐོག་ཚོང་དོན། སྲོལ་རྒྱུན་རིག་གནས་འཕེལ་རྒྱས་སོགས་སློབ་སྦྱོང་བྱས་ཏེ་འཛད་སྤྱོད་བྱེད་སྟངས་གསར་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག སྲོལ་རྒྱུན་གྱི་ལག་ཤེས་མཁས་པས་སྲོལ་རྒྱུན་ལག་ཤེས་ཐོན་རྫས་བཟོས་ནས་གྲོང་ཚོ་དེ་གའི་ཁྱད་ལྡན་ཐོན་རྫས་ཆགས་པར་བྱས་རྗེས། གསོལ་མགྲོན་ཁང་སོགས་དང་འབྲེལ་མཐུད་ཀྱིས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་བརྟན་དུ་བཏང་ཡོད། གཞན་ཡང་དྲ་ཐོག་ཚོང་དོན་ལ་བརྟེན་ནས་འཛད་སྤྱོད་ཐབས་ལམ་གསར་པ་བསྐྲུན་ཏེ་ཐོན་རྫས་ཕྱི་ཕྱོགས་སུ་བཙོངས་པ་དང་ཁྱད་ལྡན་ཐོན་རྫས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པས་ཞིང་འབྲོག་པར་འབབ་འཕར་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།