[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • འདིར་ལས་འཁྱུར་བའི་གླ་ཕོགས་སྐོར་གྱི་བརྡ་ཐོ་ཞིག་ཡོད།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-04-28

    བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་དོ་དམ་ཆ་འཕྲིན་མ་ལག་སྤྱོད་མཚམས་འཇོག་པའི་སྐོར་གྱི་སྤྱི་བསྒྲགས།

    ས་ཁུལ(གྲོང་ཁྱེར)ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་དང་གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྤྱི་ཚོགས་འགན་སྲུང་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ས་ཁུལ(གྲོང་ཁྱེར)ཁག་གི་ཁྲལ་དོན་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་ལྗོངས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁྲལ་དོན་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཁྲལ་དོན་ཡན་ལག་ཅུས་གཉིས་པ། འགན་བཅོལ་ལ་ཞུགས་མཁན་ཚན་པ་དང་མི་སྣ་བཅས་ལ།

    《ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་ཆ་འཕྲིན་མ་ལག་འཛུགས་སྐྲུན་ལས་དོན་སྤེལ་རྒྱུའི་སྐོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་བརྡ་ཐོ》(མི་སྤྱི་པུའི〔2021ལོའི〕ཡིག་ཨང་45པ)ཡི་ལས་འགན་བཀོད་སྒྲིག་དང་རང་ལྗོངས་ཀྱི་མ་ལག་དྲ་བར་འཇུག་པའི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས། རང་ལྗོངས་ཀྱི་མི་སྤྱི་སྡེ་ཚན་གྱི་སྤྱི་ཚོགས་འགན་བཅོལ་དོ་དམ་ཆ་འཕྲིན་མ་ལག་དང་ཁྲལ་དོན་སྡེ་ཚན་གྱི་སྤྱི་ཚོགས་འགན་བཅོལ་བསྡུ་འཇལ་ཆ་འཕྲིན་མ་ལག་དང་། དེ་བཞིན་སྤྱི་ཚོགས་འགན་བཅོལ་གྱི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་མ་ལག་སྤྱོད་མཚམས་བཞག་ནས། རིམ་པ་སྤོར་རྒྱུ་ཡིན་ཞིང་། སྤྱོད་མཚམས་འཇོག་རིང་ལྗོངས་ཡོངས་ཀྱི་མི་སྤྱི་དང་ཁྲལ་དོན་སྡེ་ཚན་གྱིས་གནས་སྐབས་རིང་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་ཁུངས་དང་བྱ་གཞག་ཚན་པའི་གཞི་རྩའི་རྒན་གསོ་འགན་བཅོལ(ལས་རིགས་ཀྱི་ལོ་ཕོགས་ཚུད)སྒྲུབ་གཉེར་དང་བསྡུ་འཇལ་ལས་སྒོ་ཚང་མ(ལས་ཤོར་འགན་བཅོལ་ཐོབ་ཐང་གི་ལས་སྒོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་བསྡུ་འཇལ་མིན་པའི་རིགས་ཀྱི་ལས་སྒོ་ཕུད)གནས་སྐབས་གཉེར་མཚམས་འཇོག་གི་ཡིན། ལས་དོན་འདི་བདེ་བླག་ངང་སྤེལ་ཐུབ་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱེད་རྒྱུ་གཤམ་གསལ།

    1. སྤྱོད་མཚམས་བཞག་ནས་རིམ་པ་སྤོར་བའི་དུས་ཚོད།

    2022ལོའི་ཟླ་4ཚེས་29ཉིན་གྱི་ཆུ་ཚོད་24པ་ནས་ཟླ་5ཚེས་16ཉིན་གྱི་ཆུ་ཚོད་8པ་བར།

    2. སྤྱོད་མཚམས་བཞག་ནས་རིམ་པ་སྤོར་རིང་གི་ཤུགས་རྐྱེན།

    གཅིག སྤྱོད་མཚམས་འཇོག་རིང་། ལྗོངས་ཡོངས་ཀྱི་མི་སྤྱི་དང་ཁྲལ་དོན་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་བསྡུ་འཇལ་མིན་པའི་རིགས་ཀྱི་ལས་སྒོ་དང་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་ལས་སྒོ་ཕུད་པའི་ལས་སྒོ་ཚང་མ་དཔེར་ན། སྤྱི་ཚོགས་འགན་བཅོལ་སྐར་ཁུང་དང་། སྤྱི་ཚོགས་འགན་བཅོལ་གྱི་དྲ་ཚིགས། རིམ་གསུམ་སྲིད་དོན་ཞབས་འདེགས་ཚོམས་ཆེན། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་ཡོད་APP ཁྲལ་དོན་ཁྲལ་སྒྲུབ་ཞབས་འདེགས་ཚོམས་ཆེན། དྲ་ཐོག་ཁྲལ་དོན་ཅུས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཚན་པའི་དུད་སྣེ། ཞིང་ལས་དངུལ་ཁང་གི་སྦར་མཐིལ་དངུལ་ཁང་APP སྐད་འཕྲིན། གཏོང་སྤྲོད་འབོ་སོགས་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་གྱི་ལས་སྒོ་སྣ་ཚོགས་གནས་སྐབས་གཉེར་མཚམས་འཇོག་གི་ཡིན།

    གཉིས། 2022ལོའི་ཟླ་5པའི་རྒན་གསོའི་དངུལ་ཟླ་4པའི་ཟླ་མཇུག་ཏུ་སྔ་སྣུར་དུ་སྤྲོད་རྒྱུ་དང་། གལ་ཏེ་རྒན་གསོའི་དངུལ་མ་འབྱོར་བ་ཡོད་ཚེ། སྤྱོད་མཚམས་འཇོག་རིང་འབྲེལ་ཡོད་གནས་ཚུལ་ཞིབ་བསྡུར་བྱས་རྗེས། ཟླ་5པའི་ཟླ་མཇུག་ཏུ་ཡང་བསྐྱར་སྤྲོད་རྒྱུ་ཡིན།

    3. སླར་གསོའི་དུས་ཚོད།

    2022ལོའི་ཟླ་5ཚེས་16ཉིན་གྱི་ཆུ་ཚོད་8པ། གལ་ཏེ་སྔ་སྣུར་དུ་རིམ་པ་སྤར་ཚར་བ་དང་ཡང་ན་དུས་འགྱངས་བྱེད་དགོས་བྱུང་ཚེ་དུས་ཐོག་ཏུ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན་པས། དོ་སྣང་ཡོད་པ་ཞུ།

    4. སྤྱོད་མཚམས་འཇོག་རིང་གི་ལས་སྒོ་སྒྲུབ་སྟངས།

    གཅིག སྤྱོད་མཚམས་འཇོག་རིང་། སྤྱི་ཚོགས་འགན་བཅོལ་གྱི་ཁེ་དབང་དཔར་འདེབས་དང་། འགན་བཅོལ་ལ་ཞུགས་པའི་ཐོ་འགོད། འགན་བཅོལ་ལ་ཞུགས་མཁན་སྣོན་འཕྲི། སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལེན་པ་དང་སྤོ་སྒྱུར་རྒྱུན་མཐུད་སོགས་ཀྱི་ལས་སྒོ་གནས་སྐབས་གཉེར་མཚམས་འཇོག་གི་ཡིན་ཞིང་། འབྲེལ་ཡོད་ལས་སྒོ་དེ་དག་རིམ་པ་སྤར་ཚར་ནས་སྤྱོད་འགོ་ཚུགས་རྗེས་སྒྲུབ་ཀྱི་ཡིན།

    གཉིས། སྤྱོད་མཚམས་འཇོག་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི་དང་ཞབས་ཞུའི་སྐར་ཁུང་ནས་ལས་སྒོ་རེ་ཞུའི་ཡིག་ཆ་བདག་སྤྲོད་བྱས་ཏེ། རིམ་པ་སྤར་རྗེས་སྔོན་ལ་སྒྲུབ་ཀྱི་ཡིན།

    5. ཤ་ཚའི་དྲན་སྐུལ།

    གཅིག ད་ཐེངས་སྤྱོད་མཚམས་བཞག་ནས་རིམ་པ་སྤོར་བའི་དུས་ཡུན་ཅུང་རིང་བས། དུས་ཚོད་བཀོད་སྒྲིག་འོས་འཚམ་བྱས་ཏེ། ལས་སྒོར་འཐུས་ཤོར་མི་ཡོང་བའི་ཆེད་དུ། སྔ་སྣུར་རམ་ཡང་ན་འགྱངས་ནས་སྒྲུབ་རོགས།

    གཉིས། སྤྱོད་མཚམས་འཇོག་རིང་། དུས་ཐོག་ཏུ་གཉེར་ཐུབ་མེད་པའི་ཐོབ་ཐང་རེ་ཞུའི་རིགས་ཀྱི་ལས་སྒོ་རིམ་པ་སྤར་ཟིན་རྗེས་སྔོན་ལ་སྒྲུབ་ཀྱི་ཡོད་པས། མི་སྒེར་གྱི་འབྲེལ་ཡོད་ཁེ་དབང་ལ་ཤུགས་རྐྱེན་ཐེབས་ཀྱི་མེད།

    གསུམ། རིམ་པ་སྤར་ཟིན་ནས་སྤྱོད་འགོ་ཚུགས་རྗེས། འབྲེལ་ཡོད་ལས་སྒོ་སླར་གསོ་དང་གཉེར་འགོ་ཚུགས་མ་ཐག འཚང་ཁ་མི་ཡོང་བའི་ཆེད་དུ་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱས་ནས་མི་མང་བའི་དུས་དང་མ་འཁེལ་བར་བྱེད་དགོས་པ་མ་ཟད། མི་སྒེར་གྱི་རིམས་ནད་འགོག་སྲུང་ཐད་ལའང་དོ་སྣང་བྱེད་དགོས།

    བཞི། ལས་སྒོ་གནས་སྐབས་གཉེར་མཚམས་འཇོག་རིང་། ཁྱེད་ལ་སྟབས་མི་བདེ་བ་ཡོང་སྲིད་པས། དེ་དོན་དགོངས་བཞེས་ཡོད་པ་ཞུ། གལ་ཏེ་དོགས་འཆར་ཡོད་ཚེ་བློ་འདྲི་ཞབས་ཞུའི་ཁ་པར་ཨང་གྲངས་12333རྒྱག་ཆོག་ལ། ས་གནས་དེ་གའི་ཁྱབ་བསྒྲགས་བྱས་པའི་ལས་སྒོའི་བློ་འདྲི་ཞབས་ཞུའི་ཁ་པར་ཡང་རྒྱག་ཆོག

    ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བློ་འདྲིའི་ཁ་པར་ཨང་གྲངས། 0891-12333

    ཁྲལ་དོན་བློ་འདྲིའི་ཁ་པར་ཨང་གྲངས། 0891-12366

    ལྗོངས་རིམ་པ། 0891-6868157、6868107

    ལྷ་ས་གྲོང་ཁྱེར། 0891-6360699、6331814

    གཞིས་རྩེ་གྲོང་ཁྱེར། 0892-8836453、8822227

    ལྷོ་ཁ་གྲོང་ཁྱེར། 0893-7667734、7826401

    ཉིང་ཁྲི་གྲོང་ཁྱེར། 0894-5822026、5883807

    ཆབ་མདོ་གྲོང་ཁྱེར། 0895-4825670、4821947

    ནག་ཆུ་གྲོང་ཁྱེར། 0896-3822048

    མངའ་རིས་ས་ཁུལ། 0897-2822426、2827433

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།