[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • དུད་ཚང་གཅིག་ཀྱང་མ་ལུས་པར་དབུལ་སྐྱོར་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    གྲོང་སྡོད་ལས་དོན་སྤེལ་ཚུན། ཤན་རྩ་རྫོང་འཁྱག་ཤང་གི་གྲོང་ཚོ་བཞི་པར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་དྲིལ་བསྒྲགས་ལས་དོན་གཙོ་གནད་ཡག་པོ་བསྒྲུབས་པ་དང་། དྲིལ་བསྒྲགས་ཀྱི་གཙོ་གནད་ནང་དོན་མངོན་གསལ་དོད་པ། གཙོ་གནད་མི་ཚོགས་མངོན་གསལ་དོད་པ། དྲིལ་བསྒྲཌ་གནད་སར་འབྱོར་བ་མངོན་གསལ་དོད་པ་བཅས་བྱས་ཏེ་ལས་ཀའི་ཕན་འབྲས་འགན་ལེན་བྱས་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་དང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི“ཁག་གཅིག་རེ་ལྔའི”དབུལ་སྐྱོར་བྱ་ཐབས་དང་། རང་སྐྱོང་ལྗོངས་དབུལ་སྐྱོར་གྱི་བྱ་ཐབས་ཞིབ་ཕྲ་མཐའ་འཁྱོངས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྒྲོལ་གྱི་ཕྱི་ཕྱོགས་རོགས་སྐྱོར་དང་མང་ཚོགས་དབུལ་པོ་རང་ངོས་ཀྱི་འབད་བརྩོན་དབར་གྱི་འབྲེལ་བ་སྒྲོག་འགྲེལ་ནན་ཏན་བྱས་པ་དང་། མང་ཚོགས་དབུལ་པོས་རང་སྟོབས་རང་སྤེལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་འདུ་ཤེས་སྐྱེད་སྲིང་བྱེད་པར་སྣང་ཆེན་བྱས་ཏེ་མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་བ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སྒྲོག་འགྲེལ་མི་ཚོགས་གཙོ་བོར་བརྩིས་ནས། དུད་ཚང་རེ་རེ་བཞིན་ལ་སྒྲོག་འགྲེལ་བྱས་པ་དང་། ལྷག་དོན་དུ“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་ནང་དོན་ཞིབ་ཕྲ་དུད་ཚང་དབུལ་པོས་ལོངས་སུ་སྤྱོད་ཆོག་པའི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཞིབ་ཕྲ་སོགས་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཁ་གསལ་གཏིང་གསལ་ཤེས་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།