[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤྭ་རུ་གྲོང་ཚོའི་དམངས་འཚོའི་རྣམ་གྲངས་ལ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཉེ་ཆར། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིཌ་མཉམ་འབྲེལ་ལྷན་ཚོཌ་ཀྱིས་ཚོང་ཚོཌ་དང་། ཐེབས་རྩ་ལྷན་ཚོཌ། ཁེ་ལས་བཅས་སྒྲིག་འཛུཌ་བྱས་ཏེ་ངམ་རིང་རྫོང་བསྟར་བརྒྱུད་ཤང་ཤྭ་རུ་གྲོང་ཚོའི་དམངས་འཚོའི་རྣམ་གྲངས་ལ་སྒོར་ཁྲི་80ཞལ་འདེབས་བརྒྱབ་ནས་ཤྭ་རུ་གྲོང་ཚོའི་དཔལ་འབྱོར་འཛུཌ་སྐྲུན་ལ་རོཌ་རམ་བྱས་པ་རེད།

    ཤྭ་རུ་གྲོང་ཚོ་ནི་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་དང་གྲོང་སྡོད་བྱ་ཡུལ་ཡིན་ཞིང་། ད་ཐེངས་ཞལ་འདེབས་རྒྱག་པའི་བྱེད་སྒོ་ནི་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་དང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྒྲོལ་བྱ་སྤྱོད་དོན་འཁྱོལ་དང་རྩ་སྲ་དམངས་ཕན་གྱི་གྲོང་སྡོད་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་ཞིག་རེད།

    “རང་ལྗོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་ཚོས་བདེ་ཁེ་མཉམ་འཇོག་དང་བདེ་བ་སྔོན་ལ་འཇོག་པའི་འདུ་ཤེས་དོན་འཁྱོལ་ཡུན་རིང་བྱས་ཏེ་དབུལ་སྐྱོར་ལས་དོན་ཁག་ལ་ཧུར་ཐག་ཞུགས་ཡོད། རྣམ་གྲངས་ལ་ཞལ་འདེབས་བརྒྱབ་པ་དེ་ནི་འབྲེལ་ཡོད་ཚོང་ཚོགས་དང་ཐེབས་རྩ་ལྷན་ཚོགས་ཀྱིས‘ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི’གནད་སྨིན་དབུལ་སྒྲོལ་དང་རྩ་སྲ་དམངས་ཕན་ལས་དོན་གྱི་བྱ་སྤྱོད་དངོས་ཤིག་རེད་ལ། རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱིས‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ། ‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་ལག་ལེན། གཞི་རིམ་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་ཞིབ་ཕྲའི་ལག་ལེན་བཅས་རེད”ཅེས་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅི་ཧྲེ་ཏེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།