[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • ཁྱེད་ལ་སྤྱི་ཚོཊ་འགན་བཅོལ་གཱ་རག་བྱུང་ངམ། སྤྱོད་སྒོ་ཚང་མ་འདིར་ཡོད།

    2018ལོར་མི་མང་པོ་ཞིག་གིས་སྤྱི་ཚོགས་འགན་བཅོལ་གཱ་ཡི་གྲངས་གཞི་བསྡུ་རུབ་ལ་ཞུགས་པས། སྤྱི་ཚོགས་འགན་བཅོལ་གཱ་ག་དུས་ལེན་ཐུབ་མིན་ལ་ཚང་མས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-09

    གསར་འགོད་པས་ཤེས་རྟོགས་བྱས་པར། མིག་སྔར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མི་ཁྲི་307.54ཡི་སྤྱི་ཚོགས་འགན་བཅོལ་གཱ་ཡི་གྲངས་གཞི་བསྡུ་རུབ་བྱས་ཟིན་པས། 2019ལོའི་ཟླ་དང་པོ་ནས་བཟུང་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མཉམ་ལས་དངུལ་ཁང་ཁག་དང་མཉམ་དུ་ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་གཱ་རིམ་པས་སྤྲོད་རྩིས་ཡོད་པ་རེད། 

    འོ་ན་སྤྱི་ཚོགས་འགན་བཅོལ་གཱ་ལ་སྤྱོད་སྒོ་གང་དང་གང་ཡོད་དམ་ཞེ་ན། 

    སྤྱི་ཚོགས་འགན་བཅོལ་གཱ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་སྲིད་གཞུང་དང་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་འདེགས་ལ་སྤྱོད་པའི་ཕྱོགས་བསྡུས་གཱ(ICཉིང་ལྷེབ་གཱ)ཞིག་རེད། མི་སྤྱི་པུའུ་ཡི་གཅིག་གྱུར་བླང་བྱ་གཞིར་བཟུང་། སྤྱི་ཚོགས་འགན་བཅོལ་གཱ་ལ་གློག་རྡུལ་འཛིན་ཡིག་འབྲི་བ་དང་། ཆ་འཕྲིན་ཐོ་འགོད། རང་འགུལ་འདྲི་རྩད། སྨན་རིན་རྩིས་ཞུ། འགྲོ་གྲོན་སྐྱེལ་བ། ཐོབ་ཆ་ལེན་པ། དངུལ་རྩའི་གཏོང་སྤྲོད་བཅས་སྤྱོད་སྒོ་ཆེན་པོ་དྲུག་ལྡན་ཡོད། 

    འདི་ལོའི་དུས་ཚིགས་དང་པོར་སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་པའི་ལས་དོན་སྤེལ་རྒྱུ་ཡིན་པ།

    རང་སྐྱོང་ལྗོངས་མི་སྤྱི་ཐིང་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཧྲུའུ་ཡིས་ངོ་སྤྲོད་བྱས་དོན། སྤྱི་ཚོགས་འགན་བཅོལ་གཱ་ནི་གཱ་དབང་མཁན་གྱིས་ལས་ཞུགས་ཐོ་འགོད་དང་། ལས་ཤོར་ཐོ་འགོད། འགན་བཅོལ་ལ་ཞུགས་པའི་ཐོ་འགོད་སོགས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་ལས་སྒོ་སྒྲུབ་བྱེད་ཡིན་པ་དང་། དེ་ནི་གཱ་དབང་མཁན་གྱིས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཁག་དང་། ལས་ཞུགས་ཞབས་འདེགས། སྤྱི་ཚོགས་འགན་བཅོལ་ཞབས་འདེགས། ཤེས་ལྡན་པའི་ཞབས་འདེགས་བཅས་ལོངས་སྤྱོད་བྱེད་པའི་གློག་རྡུལ་ཐོབ་ཐང་གི་འཛིན་ཡིག་གཙོ་བོ་ཞིག་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་འགན་བཅོལ་གཱའམ་ཡང་ན་འབྲེལ་ཡོད་ཀྱི་མ་ལག་ནང་གཱ་དབང་མཁན་གྱི་མི་སྒེར་གྱི་གཞི་རྩའི་ཆ་འཕྲིན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་འགག་རྩའི་ལས་སྒོའི་ཆ་འཕྲིན་ཐོ་འགོད་བྱས་ཡོད་པས། གློག་རྡུལ་རྣམ་པའི་དཔང་ཡིག་གི་འདྲ་དཔེ་གྲུབ་ཡོད། 

    སྤྱི་ཚོགས་འགན་བཅོལ་གཱ་སྤྱད་དེ་རང་འགུལ་ཞབས་འདེགས་འཕྲུལ་ཆས་སམ་ཡང་ན་ཞབས་འདེགས་ཐབས་ལམ་གཞན་དག་བརྒྱུད་གཱ་དབང་མཁན་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཁེ་དབང་གི་ཆ་འཕྲིན་འདྲི་རྩད་དང་འབྲེལ་ཡོད་ལས་སྒོ་སྒྲུབ་གཉེར་བྱེད་ཆོག་པས་ཧ་ཅང་སྟབས་བདེ་པོ་ཡོད། “གཞན་ཡང་དེར་ནུས་པ་ཧ་ཅང་གལ་ཆེན་པོ་ཞིག་ལྡན་པ་ནི་མི་རྣམས་ཀྱིས་ཡོངས་ཁྱབ་དོ་ཁུར་བྱེད་པའི་སྨན་རིན་རྩིས་རྒྱག་པའི་ནུས་པ་དེ་རེད། སྤྱི་ཚོགས་འགན་བཅོལ་གཱ་བརྒྱུད་ས་ཆ་འདི་ག་དང་གཞན་དག་གཉིས་ཀའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་སྨན་རིན་འཕྲལ་དུ་རྩིས་རྒྱག་ཐུབ་པ་དང་། ད་དུང་སྤྱི་ཚོགས་འགན་བཅོལ་གཱ་བརྒྱུད་ཐོ་འགོད་པ་དང་། སྨན་པ་བསྟེན་པ། སྨན་ཉོ་བ། སྨན་ཁང་དུ་སྡོད་པའི་ཐོ་འགོད་བྱེད་པ་སོགས་སྨན་བཅོས་བྱེད་རིང་ཆ་འཕྲིན་ཞབས་འདེགས་དང་སྨན་བཅོས་གཉིས་ཀ་བྱེད་ཐུབ”ཅེས་ཞུས་ཧྲུའུ་ཡིས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།