[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • དམངས་སྲིད་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་པ།

    2017ལོའི་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-18

    2017ལོར་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་སྔ་བར་ཕྱི་གསུམ་དུ“མི་དམངས་རྩ་བར་འཛིན་པ་དང་། དམངས་ཆེད་དཀལ་ངལ་སེལ་བ། དམངས་ལ་ཞབས་འདེགས་ཞུ་བ”བཅས་དམིགས་ཡུལ་དུ་བཟུང་ནས“དམངས་སྲིད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བ་དང་། དམངས་སྲིད་ཀྱིས་དམངས་ལ་གཅེས་སྐྱོང་བྱེད་པའི”འདུ་ཤེས་གསར་པ་མཐའ་འཁྱོངས་དང་། འགོ་ཁྲིད་ཀྱི་ངོས་འཛིན་མཐོ་རུ་གཏོང་བ། ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་བཅས་བྱ་རྒྱུ་ལས་ཀའི་བྱ་ཐབས་སུ་བརྩིས་ཏེ་ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་གྲོང་ཁྱེར་དེའི་དམངས་སྲིད་བྱ་གཞག་ལེགས་ལ་མྱུར་བའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    རྒས་དུས་འཚོ་རྟེན་ཡོད་པ།

    2017ལོར་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་རྒན་རྒོན་གྱི་ཁ་གསབ“ཁག་གཉིས”སྒོར་ཁྲི་223.152སྤྲད་ནས་ལོ་80ཡན་གྱི་རྒན་རྒོན་ཚེ་རིང་ལ་བདེ་ཐང་ཁ་གསབ་སྒོར་ཁྲི་179.3སྤྲད་པ་རེད།

    ན་ནིང་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་འགན་ལེན་ལྔའི་གཅིག་སྡུད་ཀྱི་བསྙེན་བཀུར་སྲིད་ཇུས་དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་ལ་དངུལ་སྒོར་ཁྲི་975.8སྤྲད་པ་དང་། བྱིས་པའི་ཕན་བདེ་ཁང་གི་འཚོ་བའི་ཁ་གསབ་རོགས་དངུལ་དང་འཁོར་རྒྱུག་གྲོན་དངུལ་ཁྱོན་སྒོར་ཁྲི་1073.2སྤྲད་པ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་18785ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་1239.81དོན་འཁྱོལ་བྱས་པ། དབང་པོ་སྐྱོན་ཅན་ཚབས་ལྕི་རིགས་6324ལ་ནད་གཡོག་ཁ་གསབ་སྒོར་ཁྲི་834.771དོན་འཁྱོལ་བཅས་བྱས་པ་རེད།

    གཞན་ཡང་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལས་དོན་ནན་ཏན་སྤེལ་ནས་འགན་ལེན་མ་ཐུབ་པའི་ལྟེ་གནས་དང་། ཕན་བདེ་ཁང་གི་གཅེས་སེམས་སྒོ་རྩིས་ཚོང་ཁང་། ཕན་བདེ་ཁང་གི་དྲོད་རླངས་མཁོ་འདོན་རྣམ་གྲངས། བྱིས་པའི་ཕན་བདེ་ཁང་གཉིས་པའི་ནུས་པ་ཆེར་གཏོང་སོགས་ཀྱི་དམངས་སྲིད་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བས་དམངས་སྲིད་ལས་དོན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་ལ་རྒན་རྒོན་མི་ཧྲེང་གི་བདེ་སྐྱིད་ཚོར་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    དཀལ་ངལ་ཡོད་པའི་རིགས་ལ་རོགས་རམ་ཧུར་ཐག་བྱས་པ།

    ཚེ་རིང་བུ་ཁྲིད་ནི་བཟའ་ཚང་ལོགས་བཀར་བྱས་པའི་བུད་མེད་དཀྱུས་མ་ཞིག་ཡིན་པ་དང་། ཁོ་མོ་གཅིག་པུས་ཕྲུ་གུ་གཉིས་གསོ་དགོས་ཀྱི་ཡོད་ཅིང་། ལོ་འགའ་ཞིག་གོང་ཁོ་མོ་གནས་སའི་རྒྱལ་རྩེ་རྫོང་ར་སོག་ཤང་གི་ལས་བྱེད་པས་དེ་ཁུལ་དུ་བརྟག་དཔྱད་བྱེད་སྐབས་ཚེ་རིང་བུ་ཁྲིད་ཀྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་དང་ཁོ་མོ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་པ་ཤེས་འཕྲལ། རེ་ཞུ་དང་། དཔྱད་ཞིབ། ཞིབ་མཆན་འགོད་པ་སོགས་ཀྱི་འགྲོ་ལུགས་རབ་དང་རིམ་པ་བརྒྱུད་ཚེ་རིང་བུ་ཁྲིད་དང་ཁོ་མོའི་ཕྲུ་གུ་གཉིས་ལ་མ་མཐའི་འཚོ་བའི་འགན་སྲུང་ཐུབ་རྒྱུའི་རེ་ཞུ་བྱས་པ་རེད།

    གྲོང་ཚོའི“ཨུ་ལྷན་གཉིས”དང་། ཤང་ཏང་ཨུད་ཀྱིས་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད། ཚེ་རིང་བུ་ཁྲིད་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་སྣོད་བཅུད་ལས་གནས་ཀྱི་ཁག་གཅིག་དབུལ་སྒྲོལ་ཐུབ་པ་བྱེད་པའི་སྲིད་ཇུས་ལོངས་སྤྱོད་ཐུབ་ནས་གྲོང་ཚོའི་ནགས་སྲུང་བར་གྱུར་བས་ལོ་རེར་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་བ་དང་། ཁོ་མོས་ཀྱང་དངུལ་བསགས་ནས་ཕྲུ་གུ་གཉིས་སློབ་གྲྭར་གཏོང་ཐུབ་པ་བྱས་པ་རེད། གཙང་ཞིང་དཀར་ཆ་དོད་པའི་ཁང་པ་གསར་པར་ལྟ་བཞིན་ཚེ་རིང་བུ་ཁྲིད་ཀྱི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་མཐོར་གཏོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་མི་ཁྲི་4.2གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁོངས་སུ་བཅུག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་མ་དངུལ་སྒོར་དུང་ཕྱུར་1.16སྤྲད་པ་དང་། གནས་སྐབས་རོགས་སྐྱོབ་ལས་དོན་ཧུར་ཐག་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་1862ལ་རོགས་སྐྱོབ་བྱས་ཏེ་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་462སྤྲད་པ་རེད། གཞན་ཡང་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་གཙོ་གནད་ཐོག་གྲོང་ཁྱེར་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་འཕྲིན་མ་ལག་བཀོལ་སྤྱོད་ལས་སྒོའི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

    ན་དུས་སྨན་བཅོས་ཐུབ་པ།

    རྣམ་གླིང་རྫོང་མི་དམངས་སྨན་ཁང་དུ་རྫོང་དེའི་མང་ཚོགས་ཉི་མ་བཀྲ་ཤིས་ཀྱིས་སྨན་ཁང་གི་སྨན་རིན་རྩིས་ཞུའི་ཤོག་བྱང་ལ་ལྟ་བཞིན་དགའ་ཚོར་ཆེན་པོ་སྐྱེས། ཁོང་གིས“སྨན་ཁང་དུ་བསྡད་ཚེ་སྨན་རིན་རྩིས་ཞུ་བྱེད་པའི་སྲིད་ཇུས་ཡོད་པས་ང་ཚོས་སྨན་རིན་20%ལས་སྤྲོད་དགོས་ཀྱི་མི་འདུག ད་དུང་ནད་ཆེན་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་ཧ་ཅང་མང་པོ་འདུག་པས་ང་ཚོའི་གནད་དོན་ཆེན་པོ་ཐག་གཅོད་ཐུབ་སོང”ཞེས་བརྗོད། ད་བྱེད་དུས་ཉི་མ་བཀྲ་ཤིས་ཀྱི་བུ་རྒན་པར་ནད་གཞི་ལྕི་པོ་ཞིག་ཕོག་ནས་སྨན་ཁང་དུ་ལུས་པ་མ་ཟད། ད་དུང་སྨན་ཁང་དུ་སྡོད་པའི་རིན་པ་དང་སྨན་རིན་ཧ་ཅང་མཐོ་པོ་ཡོད་པས་ཁོང་གི་ཁྱིམ་ཚང་གི་ཡོང་འབབ་ལ་གཞིགས་ན་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། སྲིད་གཞུང་གི་སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་འོག་ཁོང་གི་བུས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་རྒྱུ་དང་ལེན་བྱས། མིག་སྔར་བུ་ཆེ་བ་ཚེ་རིང་གི་ནད་གཞི་ཚོད་འཛིན་ཐུབ་ནས་ཁྱིམ་དུ་ངལ་གསོས་ནས་བསྡད་ཡོད་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། 2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་དངུལ་སྒོར་ཁྲི་1947.89སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་1.31ལ་རོགས་སྐྱོབ་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་གནས་སྐབས་རོགས་སྐྱོབ་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་རྫོང་དང་ཆུས་18ལ་མཐིལ་རྟོགས་བརྟག་དཔྱད་བྱས་པ་དང་འབྲེལ《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀལ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་རོགས་སྐྱོབ་བྱེད་པའི་ལག་བསྟར་ཞིབ་སྲོལ》བཟོས་ཡོད་པ་རེད།

    གཞན་ཡང་། ད་དུང་གཞིས་རྩེ་གྲོང་ཁྱེར་གྱིས་གེགས་སེལ་གྲངས་གཞིའི་བསྡོམས་རྩིས་ལས་དོན་ལེགས་པར་བསྒྲུབས་ནས་རྫོང་དང་ཆུས་18ཀྱི་གེགས་སེལ་དངོས་པོར་བསྡོམས་རྩིས་རྒྱག་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་གེགས་འགོག་གེགས་སེལ་གྱི་མ་ལག་བསྐྲུན་མགྱོགས་སུ་བཏང་ནས་རྫོང་དང་ཆུས་18ལ་རིན་གོང་སྒོར་ཁྲི་3549.975ཟིན་པའི་གེགས་སེལ་དངོས་རྫས་སྤྲད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།