[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • བོད་ཀྱིས་2020ལོར་སླེབས་སྐབས་ཆེད་ལས་ཞིང་པ་གསར་པ་ཁྲི་གཅིག་ལྷག་ཙམ་གསོ་སྐྱོང་བྱ་རྩིས་ཡོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-27

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་ཞིང་འབྲོག་པ་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རིག་གནས་ལྡན་པ་དང་། ལག་རྩལ་བྱང་ཆུབ་པ། གཉེར་སྐྱོང་བྱེད་ཤེས་པ། དོ་དམ་བྱེད་མཁས་པ་བཅས་ཀྱི་ཆེད་ལས་ཞིང་འབྲོག་པའི་དཔུང་ཁག་གསར་པ་ཞིག་འཛུགས་རྒྱུ་རེད། 2020ལོར་སླེབས་སྐབས་རྫོང(ཆུས)74ཚང་མར་ཁྱབ་པ་དང་ཆེད་ལས་ཞིང་འབྲོག་པ་གསར་པ་ཁྲི་1ཡན་གསོ་སྐྱོང་བྱ་རྩིས་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཆེད་ལས་དུད་ཚང་ཆེ་མོ་དང་། ཁྱིམ་ཚང་ཞིང་རའི་བདག་པོ། ཞིང་འབྲོག་པའི་མཉམ་ལས་ཁང་གི་འགན་འཁུར་མི་སྣ། ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་སོགས་གསོ་སྐྱོང་བྱ་ཡུལ་གཙོ་བོར་བརྩིས་ཏེ་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་གསོ་སྐྱོང་བྱས་ནས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁས་པའི་ཆེད་ལས་ཞིང་འབྲོག་པ་གསར་པ་སྔར་བས་མང་བ་གསོ་སྐྱོང་བྱ་རྒྱུ་རེད། ཆེད་ལས་ཞིང་འབྲོག་པ་གསར་པར་གསོ་སྐྱོང་འདུ་འགོད་ལག་ལེན་བསྟར་བ་བརྒྱུད། དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་པའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་ལ་ཕན་པ་ཐོབ་པ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་རྒྱུ་ཡིན་པ་རེད།

    གཞན་ཡང་། བོད་ཀྱིས་ཞིང་འབྲེལ་སློབ་གྲྭ་དང་། ཚན་ཞིབ་སློབ་གྲྭ ཞིང་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་རྨང་གཞིའི་ཐོག་ཞིང་འབྲོག་ལས་ཁེ་ལས་དང་། གླིང་ཁུལ། མཉམ་ལས་ཁང་སོགས་ཁྲོམ་རའི་བྱེད་པོར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཏེ་ནང་སྦྱོང་རྟེན་གཞི་དང་ཞིང་འབྲོག་པའི་ཞིང་ནང་སློབ་གྲྭ་འཛུགས་པ་དང“གཙོ་གཅིག་སྣ་མང”གི་ཆེད་ལས་ཞིང་འབྲོག་པ་གསར་པའི་སློབ་གསོའི་གསོ་སྦྱོང་མ་ལག་རིམ་བཞིན་བཙུགས་ནས་སྤྱི་ཕན་རང་བཞིན་གྱི་ཞིང་འབྲེལ་གསོ་སྦྱོང་སྒྲིག་གཞི་གཙོ་བོར་བྱེད་པ་དང་ཁྲོམ་རའི་བྱེད་པོ་མང་པོ་མཉམ་དུ་ཞུགས་པ་བཅས་བྱ་རྒྱུ་རེད། “ཁག་དབྱེ་རྣམ་པ་དང་། ནང་སྦྱོང་གཙོ་ཆེ། དེའི་ནང་ཞུགས་པའི”གསོ་སྦྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་གསོ་སྦྱོང་བྱ་ཡུལ་མཛོད་དང་། དགེ་རྒན་སྟོབས་ཤུགས་མཛོད། སློབ་གཞིའི་མཛོད། རྟེན་གཞིའི་མཛོད་བཅས་ཀྱི་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད། དེང་རབས་ཅན་གྱི་བྱ་ཐབས་སྤྱད་ནས་ཆེད་ལས་ཞིང་འབྲོག་པ་གསར་པར་དྲ་ཐོག་སློབ་གསོ་དང་། ཆ་འཕྲིན་ལག་རྩལ་བློ་འདྲི། གཏན་འཁེལ་དོ་དམ་དཔྱད་ཞིབ། རྗེས་སྙེགས་ཞབས་ཞུ་སོགས་སྤེལ་ཏེ་སློབ་གསོ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་། ཚན་ལྡན་རང་བཞིན། དངོས་ཕན་རང་བཞིན་བཅས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།