[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • བོད་ཀྱིས་དྲ་སྦྲེལ+ཆ་འཕྲིན་ཅན་གྱི་གསར་གཏོད་གླེང་སྟེགས་འཚོགས་ཏེ་ཞིང་འབྲོག་པ་ཁྲི་230ལ་ཆ་འཕྲིན་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་ཡོང་བ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-20

    ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པའི“2017ལོའི་བོད་ལྗོངས·དྲ་སྦྲེལ+ཆ་འཕྲིན་ཅན་གྱི་གསར་གཏོད་གླེང་སྟེགས”ལྷ་སར་འཚོགས་པ་རེད།

    གླེང་སྟེགས་ནང་རྒྱལ་ནང་དྲ་སྦྲེལ་ལས་རིགས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་མང་པོ་གདན་ཞུ་བྱས་ཏེ་སྲིད་གཞུང་ལས་རིགས་ཁྲོད་སྤྱོད་པའི་ལག་རྩལ་གསར་པ་དང་། འདུ་ཤེས་གསར་པ། དཔེ་མཚོན་ཡག་པོ་བཅས་ངོ་སྤྲོད་དང་མཉམ་སྤྱོད་བྱས་པ་མ་ཟད། རང་ལྗོངས་ཀྱི་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་དང་། རྒྱང་ཁྲིད་སློབ་གསོ། སྨན་བཅོས། དྲ་ཐོག་ཚོང་དོན་སོགས་ཀྱི་ཐད་ལའང་སྤེལ་རེས་དང་གྲོས་བསྡུར་བྱས་ཏེ། བོད་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བྱས་འཐུས་ཇུས་གཞིར་བགྲོ་གླེང་དང་། བོད་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་འཕེལ་རྒྱས་ལ་འཚམ་པའི་ལམ་བུ་འཚོལ་ཞིབ་བྱས་པ་རེད།

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ཨའོ་དབྱང་ཧྥང་ཤིན་གྱིས། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཁེ་ལས་དང་སྲིད་གཞུང་མཉམ་དུ་མི་འབོར་གྱི་བསྡུར་ཚད་བཅུ་ཆ་བདུན་ལས་བརྒལ་བའི་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱིས་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་རྒྱ་ཆེ་ཞིང་མི་འབོར་སྤྱིའི་74.4%ཙམ་ཟིན་པ་དང་མི་འབོར་ཁྲི་230ལས་བརྒལ་བའི་ཞིང་འབྲོག་ཁུལ་དུ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་མང་ཚོགས་ཀྱི་སྤེལ་རེས་དགོས་མཁོ་ལས་ཆ་འཕྲིན་ཅན་འཕེལ་རྒྱས་ལ་བར་མཐོངས་ཧ་ཅང་ཆེན་པོ་དང་ཁྲོམ་ར་མཁོ་འདོན་བྱས་ཡོད། བོད་དུ་དྲ་སྦྲེལ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པས“དྲ་སྦྲེལ+”བཀོལ་སྤྱོད་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་ཕྱོད་ཉིན་རེ་བཞིན་མཐོ་རུ་འགྲོ་བ་དང་མ་འོངས་པར་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་པར་ཕན་པ་བསྐྲུན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།