[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ཐོན་སྐྱེད་བྱེད་དགོས་སམ།
  • 4.ལས་རིགས་ཀྱི་གནོད་འཚེའི་ཐད་སྔོན་འགོག་བྱ་རྒྱུ་གཙོ་བོ་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-05-28

    ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་རིང་ངལ་རྩོལ་པའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ལས་རིགས་གཞན་དག་གི་བྱེད་སྒོའི་ཁྲོད་དུའང་མིའི་ལུས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་དངོས་པོ་བདེ་སྤྱོད་དང་།  ཐོན་སྐྱེད།  ཐོན་པ་སོགས་ཡོང་སྲིད་པས་ཐོན་སྐྱེད་བྱེད་རིང་དང་ལས་རིགས་བྱེད་སྒོའི་ནང་གནོད་འཚེ་ཡོད་པའི་རྒྱུ་རྐྱེན་དེ་དག་ལ་ལས་རིགས་ཀྱི་གནོད་འཚེ་ཞེས་བརྗོད་ཀྱི་ཡོད།

    ལས་རིགས་ཀྱི་གནོད་འཚེ་དང་གཙོ་གནད་ཆེ་གྲས་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། ཐོན་སྐྱེད་བྱེད་རིང་འབྲེལ་བ་ཡོད་པའི་ལས་རིགས་ཀྱི་གནོད་འཚེ་རྒྱུ་རྐྱེན་དང་། ངལ་རྩོལ་བྱེད་རིང་འབྲེལ་བ་ཡོད་པའི་ལས་རིགས་ཀྱི་གནོད་འཚེའི་རྒྱུ་རྐྱེན།

    ལས་སྒྲུབ་བྱ་ཡུལ་གྱི་འཕྲོད་བསྟེན་ལག་རྩལ་ཆ་རྐྱེན་མི་ལེགས་པའམ་ཡང་ན་ཐོན་སྐྱེད་བཟོ་རྩལ་རྗེས་ལུས་སམ་སྒྲིག་ཆས་མི་ཚང་བ་དང་འབྲེལ་བ་ཡོད་པའི་ལས་རིགས་ཀྱི་གནོད་འཚེའི་རྒྱུ་རྐྱེན་བཅས་ཡིན།

    ལས་རིགས་ཀྱི་གནོད་འཚེའི་ཐད་དང་ཐོག་སྔོན་འགོག་བྱ་རྒྱུར་གཙིགས་ཆེན་བྱས་ཏེ་མི་སྤྱོད་ཚན་པས་མ་བཅོས་རྒྱུ་ཆ་དང་།  བཟོ་རྩལ།  སྒྲིག་ཆས་སོགས་ལེགས་བཅོས་བྱས་ནས་ལས་རིགས་ཀྱི་གནོད་འཚེའི་རྒྱུ་རྐྱེན་ཐོན་ཉུང་དུ་བཏང་ནས་ངལ་རྩོལ་མཁན་དང་ལས་རིགས་ཀྱི་གནོད་འཚེའི་རྒྱུ་རྐྱེན་དབར་ཐད་ཀར་འབྲེལ་བ་ཉུང་དུ་གཏོང་རྒྱུ་ནི་ལས་རིགས་ཀྱི་གནོད་འཚེ་འགོག་པའི་གཞི་རྩའི་བྱ་ཐབས་ཤིག་ཡིན་པ་དང་།  དུས་མཚུངས་ངལ་རྩོལ་མཁན་མི་སྒེར་གྱིས་ཀྱང་མི་སྒེར་གྱི་ངལ་རྩོལ་གྱི་འགོག་སྲུང་ཡོ་བྱད་ཡག་པོ་གྱོན་ནས་བདེ་འཇགས་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་གནོད་འཚེ་ལྡན་པའི་རྒྱུ་རྐྱེན་དེ་དག་གིས་རང་ཉིད་དང་མི་གཞན་ལ་གནོད་འཚེ་གཏོང་རྒྱུ་མེད་པ་བཟོ་བའམ་ཡང་ན་ཉུང་དུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员