[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་ལས་ཀ་འཚོལ་དགོས།
  • ཞིང་པ་དང་འབྲོག་པ་གོང་ཁྱེར་དུ་ལས་ཀ་འཚོལ་མཁན་གྱི་ཇི་ལྟར་བྱས་ཏེ་ལས་ཀ་འཚོལ་དགོས་སམ།

    ལས་ཀ་འཚོལ་སྐབས་མགོ་སྐོར་འོག་ཏུ་མི་ཚུད་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-01-31

    ཞིང་པ་དང་འབྲོག་པ་གྲོང་ཁྱེར་དུ་ལས་ཀ་འཚོལ་སྐབས་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེར་གཏོང་གིས་ལས་ཀ་ངོ་སྤྲོད་བྱེད་པར་ཁ་གཡར་ནས་མགོ་སྐོར་གཏོང་བར་དོགས་ཟོན་བྱེད་དགོས།

    ●བརྡ་ཆ་དང་མི་བསྡུའི་ཆ་འཕྲིན་ལ་ཡིད་ཆེས་མི་བྱེད་པར་ཆ་འཕྲིན་བདེན་རྫུན་ཡིན་མིན་ལ་དོ་སྣང་བྱེད་དགོས།

    ●ལས་རིགས་ངོ་སྤྲོད་བྱེད་རིང་མགོ་སྐོར་འོག་ཏུ་མི་ཚུད་པ་བྱེད་དགོས།ལས་ཀ་འཚོལ་སྐབས་ཁྲིམས་འགལ་གྱི་ངལ་ནུས་ཁྲོམ་རར་མི་བསྐྱོད་པར་དངོས་གཞིའི་ལས་རིགས་ངོ་སྤྲོད་སྒྲིག་གཞིར་སྐྱོང་དགོས།སྒེར་གཉེར་གྱི་ལས་རིགས་ངོ་སྤྲོད་ཁང་དུ་ལས་ཀ་འཚོལ་སྐབས་སྒྲིག་གཞི་དེར་ངལ་རྩོལ་འགན་ལེན་སྡེ་ཚན་གྱིས་སྤྲད་པའི་《ལས་རིགས་ངོ་སྤོད་ཆོག་འཐུས་ལག་འཁྱེར》དང་དངོས་གཞིའི་ལས་གཉེར་ལག་འཁྱེར་ཡོད་མེད་ལ་ལྟ་ཞིབ་བྱེད་དགོས།

    ●མི་བསྡུའི་བརྡ་ཡིག་འབྱོར་རྗེས་མི་སྤྱོད་ཚན་པར་ཤེས་རྟོགས་བྱེད་པའམ་ཡང་ན་དཔྱད་གཞིའི་ཡིག་ཆ་འཚོལ་བ་དང་རྒྱུས་མངའ་ཡོད་མཁན་ལ་སྐད་ཆ་དྲིས་ཏེ་མི་སྤྱོད་ཚན་པའི་གནས་ཚུལ་ངོ་མ་གསལ་རྟོགས་ཐུབ་པ་བྱེད་དགོས།

    ●གྲོང་ཁྱེར་དུ་ལས་ཀ་བྱེད་བཞིན་པའི་སྤུན་མཆེད་དང་གྲོགས་པོ་སོགས་ལས་ཀ་ངོ་སྤྲོད་བྱེད་མཁན་བརྒྱུད་དེ་མི་སྤྱོད་ཚན་པའི་འབྲེལ་ཡོད་གནས་ཚུལ་རྟོགས་རྒྱུར་དོ་སྣང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།