[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་བྱང་ཚད་གོང་མཐོར་གཏོང་དགོས།
  • རིག་གནས་ཤེས་བྱ་སློབ་སྦྱོང་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-31

    དེང་སྐབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དེ་ཉིན་གསར་ཟླ་འགྱུར་བྱུང་ནས་ལས་དོན་གང་ཞིག་སྒྲུབ་རུང་གཞི་རྩའི་རིག་གནས་ཀྱི་བྱང་ཚད་ལྡན་དགོས།  གྲོང་ཁྱེར་དུ་ལས་ཀ་བྱེད་པར་འགྲོ་མཁན་ལས་ཞུགས་མི་སྣ་མི་ཉུང་བ་ཞིག་གི་རིག་གནས་ཚུ་ཚད་ཧ་ཅང་མཐོ་པོ་མེད་སྐབས་རིག་གནས་དང་ཚན་རིག་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་དེ་བས་གལ་འགངས་ཆེ།

    དང་ཐོག་སློབ་སྦྱོང་བྱེད་པར་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་བརྟན་པོར་འཛུགས་དགོས། གྲོང་ཁྱེར་དུ་ལས་ཞུགས་བྱེད་པར་ཡོང་རྗེས་ལས་ཀ་དཀའ་ལས་ཁག་པོ་ཡོད་པ་དང་ལས་ཞོར་གྱི་དུས་ཚོད་མང་པོ་མེད་པར་གླ་པ་བྱེད་རིང་རིག་གནས་དང་ཚན་རིག་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་འགྱུར་མེད་ཀྱི་བློ་སྟོབས་དང་དཀའ་ངལ་ཁྱད་བསད་བྱེད་པའི་ཆོད་སེམས་བརྟན་པོ་དགོས།  དེ་ལྟར་བྱུང་ཚེ་རྒྱུན་བསྲིང་ལྷོད་མེད་ཡོང་ཐུབ།

    སློབ་སྦྱོང་གི་གོ་སྐབས་སྣ་ཚོགས་དང་སློབ་སྦྱོང་བྱེད་སྟངས་སྣ་ཚོགས་གང་ལེགས་སྤྱོད་དགོས། རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་དུས་ཚོད་མང་ཙམ་བེད་སྤྱད་དེ་དཔེ་དེབ་མང་ཙམ་བལྟ་བ་དང་ཚགས་པར་མང་ཙམ་བཀླགས་སྟེ་བསམ་བློ་མང་ཙམ་གཏོང་དགོས། ས་གནས་ཁག་གི་ཞིང་པ་དང་འབྲོག་པ་གླ་པའི་ཆེད་དུ་གཉེར་བའི་རིག་གནས་སློབ་གྲྭ་དང་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱེད་དགོས།

    ཆ་རྐྱེན་ཡོད་པའི་གླ་པས་ད་དུང་དེ་བས་རིམ་པ་མཐོ་བའི་སློབ་སྦྱོང་ནང་ཞུགས་དགོས་པ་དཔེར་ན་མཐོ་རིམ་སློབ་གྲྭའི་རང་སྦྱོང་གི་རྒྱུགས་སྤྲོད་ནང་ཞུགས་ནས་སློབ་གཉེར་ལོ་རྒྱུས་དེ་བས་མཐོ་བ་ཐོབ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།