[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་བྱང་ཚད་གོང་མཐོར་གཏོང་དགོས།
  • གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་གྱིས་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་བྱང་ཚད་གོང་མཐོར་གཏོང་དགོས་སམ།

    ​རྩལ་ནུས་མཐོ་གཏོང་བྱ་རྒྱུ་མཚམས་འཇོག་བྱེད་མི་རུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-01-31

    གྲོང་ཁྱེར་དུ་ལས་ཞུགས་བྱེད་པར་ཡོང་མཁན་དག་གྲོང་ཁྱེར་དུ་ཡུན་རིང་ལས་ཞུགས་བྱེད་པའམ་ཡང་ན་ཕྱིས་སུ་ཕ་ཡུལ་དུ་ལོག་ནས་གླ་པ་དང་བྱ་གཞག་གསར་གཏོད།ཞིང་ལས་ཐོན་སྐྱེད་བཅས་གང་ཐུབ་བྱས་ཀྱང་མི་སྔ་དང་སླད་ཕྱིན་གྱི་ལས་ཀའི་དགོས་མཁོར་གཞིགས་ཏེ་ལས་རིགས་ཀྱི་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་ཁོང་དུ་ཆུད་པ་བྱ་རྒྱུ་ནི་རང་ངོས་ཀྱི་བྱང་ཚད་གོང་མཐོར་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན།

    ཚན་རིག་ལག་རྩལ་ཡར་རྒྱས་འགྲོ་བ་བརྒྱུད་སྒྲིག་ཆས་གསར་པ་དང་།བཟོ་རྩལ་གསར་པ།བྱ་ཐབས་གསར་པ་བཅས་ཆུ་གཏེར་རྒྱས་པ་བཞིན་མང་པོ་ཐོན་ཏེ་ལས་རིགས་ཀྱི་རྩལ་ནུས་ཀྱང་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་ཡོད།ལས་རིགས་རྩལ་ནུས་གོང་མཐོར་གཏོང་རྒྱུ་ནི་ཡུན་རིང་དང་རྒྱུན་བསྲིང་གི་ལས་འགན་ཞིག་ཡིན།ལས་རིགས་རྩལ་ནུས་སློབ་སྦྱོང་དང་།ཁོང་དུ་ཆུད་པ།གོང་མཐོར་གཏོང་རྒྱུ་བཅས་ཀྱི་ཐད་ཐབས་ལམ་མང་པོ་ཡོད་པ་དང་གལ་འགངས་ཆེ་ཤོས་ནི་གཤམ་གསལ་གྱི་ཕྱོགས་གཉིས་ཡིན་པ་སྟེ།ལས་རིགས་ལག་རྩལ་གྱི་གསོ་སྦྱོང་ནང་ཞུགས་དགོས།རང་ཉིད་ལ་འཚམ་པའི་རིམ་ཁག་དང་རིགས་ཁག་གི་ལས་རིགས་ཤེས་བྱ་དང་ལག་རྩལ་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་དགོས་པ་དང་ལྷག་པར་དུ་ལག་རྩལ་གསར་པ་དང་བཟོ་རྩལ་གསར་པའི་གསོ་སྦྱོང་ནང་ཞུགས་ནས་རང་ཉིད་ཀྱི་ལས་རིགས་ཀྱི་ཤེས་བྱ་གསར་པ་གསར་བརྗེས་བྱས་ཏེ་བཀོལ་སྤྱོད་བྱེད་སྐབས་གསར་པ་ཁོང་དུ་ཆུད་པ་བྱེད་དགོས།ལག་ལེན་གྱི་ཁྲོད་དུ་འཇོན་ཐང་ཆེ་རུ་གཏོང་དགོས།ལས་རིགས་ཤེས་བྱ་དང་རྩལ་ནུས་དང་དོན་དངོས་ཀྱི་བཀོལ་སྤྱོད་དབར་ཟུང་འབྲེལ་དམ་ཟབ་བྱས་ནས་དངོས་ཡོད་ཀྱི་ལས་དོན་ཁྲོད་དཀའ་སྤྱད་ཀྱིས་སློབ་སྦྱོང་བྱས་ཚེ་གཞི་ནས་བྱང་ཆུབ་པ་ཞིག་ཁོང་དུ་ཆུད་ཐུབ།ལས་བཟོ་རྒན་འགྲས་ཚོར་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད་པས་སེམས་ཆུང་ངང་ལས་བཟོ་རྒན་གྲས་ལ་སློབ་སྦྱོང་བྱས་ཏེ་ཁོང་ཚོའི་བཤད་རོགས་ཁྲིད་གསུམ་བརྒྱུད་དེ་ཡར་རྒྱས་དེ་བས་མགྱོགས་པ་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།