[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ལས་ཞུགས་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོགས།
  • ཞིང་པ་དང་འབྲོག་པ་གྲོང་ཁྱེར་ནང་དུ་བསྐྱོད་དེ་ལས་ཞུཌ་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོཌ།

    ​ཕྱོགས་རིས་མེད་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-31

    ཞིང་པ་དང་འབྲོག་པ་གྲོང་ཁྱེར་དུ་བསྐྱོད་དེ་ལས་ཞུགས་བྱས་པ་དེས་མི་སྒེར་གྱི་ཡོང་འབབ་ཇེ་མང་དུ་སོང་བ་མ་ཟད་གྲོང་ཁྱེར་གྱི་གླ་པ་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུར་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད།

    ཞིང་པ་དང་འབྲོག་པ་གྲོང་ཁྱེར་དུ་བསྐྱོད་དེ་ལས་ཞུགས་བྱ་རྒྱུའི་ཐད་རྒྱལ་ཁབ་ཀྱིས་ཕྱོགས་རིས་མེད་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུའི་རྩ་དོན་ལྟར་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ཞིང་པ་དང་འབྲོག་པ་གྲོང་ཁྱེར་དུ་བསྐྱོད་དེ་ལས་ཞུགས་བྱ་རྒྱུའི་ཐད་འཛིན་པའི་མཐོང་ཆུང་རང་བཞིན་གྱི་གཏན་འབེབས་ཐ་དག་མེད་པ་བཟོ་རྒྱུའི་བླང་བྱ་འདོན་ཡོད།

    རྒྱལ་ཁབ་ཀྱིས་ཞིང་པ་འབྲོག་པ་གྲོང་ཁྱེར་དུ་བསྐྱོད་དེ་ལས་ཀ་འཚོལ་བའི་ཚོད་འཛིན་མེད་པ་བཟོ་རྒྱུའི་བླང་བྱ་འདོན་ཡོད།ལས་རིགས་ཁག་དང་ལས་སྣ་དེ་བཞིན་དམིགས་བསལ་ལས་རིགས་དང་ལས་སྣ་ཁག་གིས་ལག་རྩལ་གྱི་ཐོབ་ཐང་དང་བདེ་ཐང་སོགས་ཀྱི་ཆ་རྐྱེན་བཏོན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་འདྲ་བར་ཞིང་པ་དང་འབྲོག་པ་གླ་པར་ལྟ་སྟངས་གཅིག་མཚུངས་འཛིན་རྒྱུའི་བླང་བྱ་འདོན་ཡོད།

    རྒྱལ་ཁབ་ཀྱིས་ཞིང་པ་དང་འབྲོག་པ་གླ་པའི་བདེ་འཇགས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་མཐོང་ཆེན་བྱས་ཏེ་ཞིང་པ་དང་འབྲོག་པ་གླ་པའི་ལས་ཞུགས་ཀྱི་ཁོར་ཡུག་ལེགས་གཏོང་གིས་ཁོང་ཚོའི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཁོང་ཚོར་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ནས་སྤྱི་ཚོགས་ཧྲིལ་པོས་ཞིང་པ་དང་འབྲོག་པ་གླ་པར་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུའི་བླང་བྱ་འདོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།