[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ལས་ཞུགས་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོགས།
  • 3.དོ་དམ་དང་ཞབས་ཞུ་གཉིས་ཀ་འཐུས་ཚང་དུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-05-27

    རྒྱལ་ཁབ་ཀྱིས་ཕྱིར་གཏོང་བྱ་ཡུལ་དང་ཕྱིར་གཏོང་བྱེད་སའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་ཞིང་པ་དང་འབྲོག་པ་གླ་པའི་ལས་ཞུགས་ཀྱི་འགངས་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་ཀྱིས་ཞིང་པ་དང་འབྲོག་པ་གླ་པ་གྲོང་ཁྱེར་དུ་བསྐྱོད་དེ་ལས་ཞུགས་བྱ་རྒྱུའི་ལས་དོན་དེ་གལ་ཆེའི་ལས་དོན་གྱི་ཉིན་རེའི་གྲོས་རིམ་ནང་བཞག་སྟེ་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་ཁྲིད་སྟོན་ལུགས་དང་མཐུན་པ། གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ཞིང་པ་དང་འབྲོག་པ་གླ་པའི་ལས་ཞུགས་ཀྱི་དོ་དམ་དང་ཞབསཞུའི་ལས་དོན་སྒོ་ཀུན་ནས་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་འདོན་ཡོད།

    རྒྱལ་ཁབ་ཀྱིས་ཞིང་པ་དང་འབྲོག་པ་གླ་པར་ཁོངས་གཏོགས་ས་ཆའི་དོ་དམ་བྱེད་དགོས། ཞིང་པ་དང་འབྲོག་པ་གླ་པའི་ལས་ཞུགས་དང་འཆར་ལྡན་བུ་བཙའ། མ་བུའི་འཕྲོད་སྦྱོར། འཕྲོད་བསྟེན་ནད་འགོགབུ་ཕྲུག་གི་སློབ་གསོ། ཁྲིམས་ལུགས་ཀྱི་ཞབསཞུ། བདེ་འཇགས་དོ་དམ་སོགས་ཀྱི་ལས་ཀ་དེ་ཕྱིར་གཏོང་བྱེད་སའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་སྡེ་ཁུལ་གྱི་འགན་འཁྲིའི་ཁྱབ་ཁོངས་ནང་འཇོག་དགོས། ཞིང་པ་དང་འབྲོག་པ་གླ་པ་ལས་ཡུལ་དུ་སླེབས་རྗེས་ཡུལ་དེའི་སྲིད་གཞུང་གི་སྡེ་ཚན་དང་སྡེ་ཁུལ་གྱི་དོ་དམ་དང་ལེན་བྱེད་དགོས།

    • སྤྱི་བདེ་སྡེ་ཚན་གྱིས་གྲོང་ཁྱེར་དུ་ལས་ཀ་འཚོལ་མཁན་ཞིང་པ་དང་འབྲོག་པ་གླ་པར་ད་ཆ་སྡོད་སར་གནས་སྡོད་ལག་འཁྱེར་དུས་ཐོག་ཏུ་གཉེར་དགོས།

    • ཞིང་པ་དང་འབྲོག་པ་གླ་པ་སྤྱོད་མཁན་ཚན་པ་དང་སྡོད་སའི་སྡེ་ཁུལ་གྱིས་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ནས་སྤྱི་བདེ་སྡེ་ཚན་ལ་བདེ་འཇགས་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་དགོས།

    • ངལ་རྩོལ་འགན་ལེན་སྡེ་ཚན་གྱིས་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་ཞིང་པ་དང་འབྲོག་པའི་ངལ་རྩོལ་དོ་དམ་དང་ལས་ཞུགས་ཞབས་ཞུའི་འགན་འཁུར་དགོས།

    • སློབ་གསོའི་སྡེ་ཚན་དང་སློབ་གྲྭས་ཞིང་པ་དང་འབྲོག་པ་གླ་པའི་བུ་ཕྲུག་གི་འོས་འགན་སློབ་གསོ་དང་ལེན་བྱེད་དབང་ལ་འགན་ལེན་བྱས་ཏེ་སློབ་ཞུགས་ཆ་རྐྱེན་སོགས་ཀྱི་ཐད་ཡུལ་དེའི་སློབ་མ་དང་ལྟ་སྟངས་གཅིག་མཚུངས་འཛིན་ནས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་གྲོན་དངུལ་གཞན་དག་བསྡུ་རྒྱུ་བཀག་འགོག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员