[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ལས་ཞུགས་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོགས།
  • 4.ངལ་ནུས་ཕྱིར་གཏོང་ཐད་སྒྲིག་འཛུགས་ཡག་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-05-27

    རྒྱལ་ཁབ་ཀྱིས་ཕྱིར་གཏོང་བྱ་ཡུལ་སྲིད་གཞུང་གི་འགན་ནུས་སྡེ་ཚན་ལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་ཤུག་ཆགས་པ་བྱས་ནས་ལས་ཞུགས་བཀོད་སྒྲིག་གི་ཞབསའདེགས་ཡག་པོ་ཞུས་ཏེ་སྒྲིག་འཛུགས་ཡོད་པའི་ངང་ངལ་ནུས་ཕྱིར་གཏོང་བྱ་རྒྱུའི་བླང་བྱ་འདོན་ཡོད།

    • ས་གནས་ཁག་གིས་ངལ་ནུས་ཁྲོམ་ར་ཆེར་གཏོང་དང་། ངལ་ནུས་ཆ་འཕྲིན་བསྡུ་འགྲེམས། ངལ་ནུས་གསོ་སྦྱོང་། ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས། ངལ་ནུས་དོ་དམ་མཐུན་སྦྱོར། ངལ་ནུས་ཞབས་ཞུ་དང་བཅའ་ཁྲིམས་ཀྱི་ཇུས་འདྲི་མཁོ་འདོན། ཞིང་པ་དང་འབྲོག་པ་གླ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ལས་དོན་གཅིག་གྱུར་ཐོག་ཡག་པོ་བསྒྲུབ་དགོས།

    • ཞིང་ཆེན་ལས་བརྒལ་བའི་ངལ་ནུས་ལས་དོན་དང་ཤང་གྲོང་གི་ངལ་ནུས་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ངལ་ནུས་རྟེན་གཞི་ཧུར་ཐག་བཙུགས་ནས་ངལ་ནུས་ཀྱི་མཉམ་ལས་ཤུགས་ཆེན་བྱས་ཏེ་ཕྱོགས་གཏན་འཁེལ་གྱི་ཕྱིར་གཏོང་བྱས་ཐོག་ཞིང་པ་དང་འབྲོག་པ་་གླ་པ་ཕྱིར་སྐྱོད་ལས་ཞུགས་བྱེད་ཚད་གོང་མཐོར་གཏོང་དགོས།

    •“ལས་རིགས་གསོ་སྦྱོང་དང་།  ལས་ཞུགས་ཞབས་ཞུ།  ཁེ་ཕན་སྲུང་སྐྱོང་བཅས་”ཟུང་དུ་འབྲེལ་བའི་ལས་ཀ་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员