ཉིན་ཤས་གོང་། གསར་འགོད་པས་ཟངས་རི་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེས“འབད་བརྩོན་བྱེད་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ་རེད།
ཟངས་རི་རྫོང་གིས་ཟབ་སྦྱོང་མཐིལ་རྟོགས་ཐད་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། “ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་+ཏང་ཡོན་གྱི‘མཚན་མོའི་སློབ་གྲྭ’+ཏང་ཀྲི་པུའི‘ཚོགས་གསུམ་སློབ་གཅིག’+སྒེར་གྱི་རང་སྦྱོང”བཅས་ཀྱི་བྱེད་ཐབས་བརྒྱུད་འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་དེ་སློབ་སྦྱོང་དང་། ལས་བྱེད་པ་དཀྱུས་མས་ཡུན་རིང་སློབ་སྦྱོང་། དྲ་ཐོག་དང་དྲ་ཕྱི་ནས་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བཅས་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཇི་མ་ཇི་བཞིན་དང་གསལ་གསལ་ཐིང་ཐིང་སློབ་སྦྱོང་བྱས་པ་རེད། མཐར་ཕྱིན་པ་ཤེས་པ་དང་སྒྲོག་འགྲེལ་ནན་ཏན་བྱེད་པའི་ཐད་འབད་བརྩོན་བྱས་ཤིང་། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་རྩ་གནད(ཏང་ཡོན་ལས་བྱེད་པའི་པར་གཞི)》དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་ཁྱོན་ཡོངས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསལ་བཤད་བྱས་པ་དང་། དོན་འཁྱོལ་ནན་པོ་ཡོང་བའི་ཐད་འབད་བརྩོན་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་གནས་ཚུལ་ཙག་ཙིག་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་འཆད་འགྲེལ་གསལ་པོ་བྱས་ནས་ལས་བྱེད་མང་ཚོགས་ཀྱིས་ཐོས་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་པ་རེད།