[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • “བོད་ལྗོངས་ཀྱི་ནས”རྒྱལ་ཁབ་ཀྱི་2022ལོའི་ཞིང་ལས་སྤུས་རྟགས་ཀྱི་རྩེར་སོན་ཐོན་རྫས་གསོ་སྤེལ་འཆར་གཞིར་བདེ་བླག་ངང་ཚུད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-28

    ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། འདུན་ཞུ་དང་འོས་སྦྱོར་ཧུར་ཐག་བྱས་པ་བརྒྱུད། རང་ལྗོངས་ཀྱི“བོད་ལྗོངས་ཀྱི་ནས”རྒྱལ་ཁབ་ཀྱི་2022ལོའི་ཞིང་ལས་སྤུས་རྟགས་ཀྱི་རྩེར་སོན་ཐོན་རྫས་གསོ་སྤེལ་འཆར་གཞིར་བདེ་བླག་ངང་ཚུད་ཡོད། 2022ལོའི་རྩེར་སོན་ཐོན་རྫས་གསོ་སྤེལ་གྱི་སྤུས་རྟགས་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་སྟེ་གོ་ཆོད་དུས་ཡུན་ལོ་4རེད།

    “བོད་ལྗོངས་ཀྱི་ནས”ནི་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཁོངས་གཏོགས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་པོ་དེ་ཡིན་ཞིང་། ད་རེས་རྒྱལ་ཁབ་ཀྱི་2022ལོའི་ཞིང་ལས་སྤུས་རྟགས་ཀྱི་རྩེར་སོན་ཐོན་རྫས་གསོ་སྤེལ་གྱི་འཆར་གཞིར་བདེ་བླག་ངང་ཚུད་པ་དེས་ནས་ཀྱི་ཐོན་ལས་དང་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ་བོད་ལྗོངས་ཀྱི་ནས་ཀྱི་སྐད་གྲགས་སྔར་བས་ཆེ་རུ་འགྲོ་བ་དང་ནས་ཀྱི་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཏེ་བོད་ལྗོངས་ཀྱི་ནས་ཀྱི་ཐོན་རྫས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་པར་རམ་འདེགས་ཐུབ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།