མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཀའ་གནད་སེལ་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད། 2019ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་མཚོ་གཉིས་རྫོང་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་དོན་སྤེལ་ཞིང་། ཟླ་7ཚེས་19ཉིན་སྐྱེ་ཁམས་གནས་སྤོའི་འབྲོག་པ་ཁག་གཉིས་པ་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000གི་མཚོ་གཉིས་རྫོང་ནས་ཡར་ཀླུང་གཙང་འགྲམ་གྱི་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཏེ་ཁྱོམ་གཞིས་གསར་པར་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།

འདི་ནི་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་མ་ཐག་པའི་མཚོ་གཉིས་རྫོང་གི་འབྲོག་པས་ཁང་པ་གསར་པའི་ཕྱོགས་སུ་སྐྱོད་བཞིན་པ།

འདི་ནི་མཚོ་གཉིས་རྫོང་སྟོད་མ་ཤང་རྒོད་རྒན་ཚྭ་ཆུང་གྲོང་ཚོའི་འབྲོག་པ་མགོན་པོ་དབང་ཆེན་དང་ནང་མིས་ཁྱིམ་ཆས་དབོར་རྩིས་བྱེད་བཞིན་པ།

འདི་ནི་མཚོ་གཉིས་རྫོང་སྟོད་མ་ཤང་ནས་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པར་སྤོས་མ་ཐག་པའི་འབྲོག་པ་བསོད་ནམས་མཚོ་རྒྱལ(གཡོན་གྱི་དང་པོ)དང་བཟའ་ཟླ་ཁྲ་སྒོར(གཡས་ཀྱི་དང་པོ)གྱིས་ཚ་མོ་བསྟན་འཛིན་སྒྲོལ་དཀར(གཡོན་གྱི་གཉིས་པ)དང་ཚ་བོ་ཀུན་བཟང་བསམ་གཏན་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

འདི་ནི་དཀོན་མཆོག(གཡས་ཀྱི་དང་པོ)དང་ནང་མི་མཚོ་གཉིས་རྫོང་སྟོད་མ་ཤང་རྒོད་རྒན་ཚྭ་ཆུང་གྲོང་ཚོའི་ཁྱིམ་དུ་སྡོད་པ།

འདི་ནི་མཚོ་གཉིས་རྫོང་གི་འབྲོག་མོ་ཞིག་གིས་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་མ་ཐག་ནང་མི་སྤུན་མཆེད་ལ་ཁ་པར་རྒྱག་བཞིན་པ།

འདི་ནི་མཚོ་གཉིས་རྫོང་སྟོད་མ་ཤང་རྒོད་རྒན་ཚྭ་ཆུང་གྲོང་ཚོའི་ལོ་གསུམ་ལ་སླེབས་པའི་བློ་བཟང་འཕྲིན་ལས་ཡིན་པ།