[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་བྱ་ཐབས་ཁག་15བཏོན་ནས་གཞི་རིམ་གྱི་དཀའ་གནད་ཐག་གཅོད་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-23

     བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱེད་པའི་རྨང་གཞིའི་ཐོག《ཆབ་མདོ་གྲོང་ཁྱེར་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུའི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དང་། ཡིག་ཆ“བཅུ་མི་སྤྲོད་པ”ཚོགས་འདུ“བཅུ་མི་འཚོགས་པ” “གཏན་འགོག་བཅུའི”བཀག་རྒྱའི་གསལ་ཐོར་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱས་པ་རེད།

    《བྱ་ཐབས》དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་རྒྱ་ཆེའི་ལས་བྱེད་པས་ལས་ཀ་ཧུར་ཐག་བསྒྲུབ་རྒྱུར་ལྕག་སྐུལ་གཏོང་རྒྱུར་དམ་པོར་དམིགས་པ་དང་། གནད་དོན་ཕྱོགས་སྡོམ་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཁུར་པོ་གང་ཞིག་ཡང་དུ་གཏོང་བ་དང་། ཇི་ལྟར་བྱས་ནས་ཡང་དུ་གཏོང་བ། སུས་ཡང་དུ་གཏོང་བ་བཅས་ལ་དམིགས་པ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི“ཡིག་ཆ་མང་བ”དང་། “ཚོགས་འདུ་མང་བ” “ཞིབ་བཤེར་མང་བ” “རེའུ་མིག་རྒྱོང་མང་བ” “ཤུལ་མང་པོ་ལུས་པ”སོགས་ཕྱོགས་ལྔའི་གནད་དོན་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་བྱ་ཐབས་ཁག་15བཏོན་པ་དང་འབྲེལ། ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡིག་ཆ“བཅུ་མི་སྤྲོད་པ”དང་། ཚོགས་འདུ“བཅུ་མི་འཚོགས་པ” “གཏན་འགོག་བཅུའི”བཀག་རྒྱའི་གསལ་ཐོར་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱས་ནས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཡིག་ཆའི་དགོངས་དོན་ཚགས་ཚུད་དང་ཞིབ་ཕྲ་ཡོང་བ་བྱས་པས། ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད་ལམ་ལུགས་ཀྱི་འགན་ལེན་བྱུང་ཡོད།

    《བྱ་ཐབས》འགྲེམས་སྤེལ་བྱས་རྗེས། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་དང་སྡེ་ཚན་ཁག་གིས་བླང་བྱ་དང་བསྡུར་བ་ཡང་ཡང་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དང་། རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་ཚོས《བྱ་ཐབས》བརྒྱུད་ང་ཚོའི་དཀའ་གནད་དང་འགག་རྩ་བཙལ་འཚོལ་ཐུབ་པ་དང་། “བླང་བྱ་ནན་པོ”དང“བྱ་ཐབས་ཡག་པོ”དེ་དག་གིས་ཁུར་པོ་ཡང་དུ་གཏོང་བ་དང་དངོས་འབྲེལ་ཁུར་པོ་ཡང་དུ་འགྲོ་ཐུབ་ངེས་ཡིན་ལ། ང་ཚོའི་དཀའ་གནད་ཐག་གཅོད་ཐུབ་རྒྱུ་ཡིན་པ་དེས་ང་ཚོར་དུས་ཚོད་སྔར་བས་མང་བ་དང་སེམས་ནུས་དེ་བས་མང་བ་བྱུང་ནས་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་དམ་འཛིན་ཐུབ་རྒྱུ་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།