[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • རྟ་དམག་བའི་འཚོ་བ་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

    656667_yis_1566884010243_s.jpg

    འདི་ནི་ཟླ་8ཚེས་22ཉིན་བོད་ལྗོངས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་རྟ་དམག་བའི་གྲོང་མི་ཕུར་བུ་ཆོས་འཛོམས་ཀྱིས་མཉམ་ལས་ཁང་དུ་ཀམ་པ་ལི་འཐག་བཞིན་པ།

    ཤོད་རྒྱུན་དུ་རྟ་དམག་བ་ནི་ཆིང་རྒྱལ་རབས་སྐབས་སུ་མཐའ་མཚམས་ས་ཁུལ་དུ་ལུས་པའི་གོར་ཥའི་རྟ་དམག་དང་ཀྲུང་ནེའི་མཐའ་མཚམས་གྲོང་མིའི་རྒྱུད་པ་ཡིན་པ་དང་། ད་བར་ལོ་100ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། རྒྱལ་ཁོངས་མེད་ན། རྟ་དམག་བར་ས་ཞིང་དང་སྡོད་ཁང་མེད་པས། འཁྱམ་པོའི་འཚོ་བ་སྐྱེལ་ནས་སྡོད་ཀྱི་ཡོད། 2003ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྟ་དམག་བ་ཀྲུང་གོའི་རྒྱལ་ཁོངས་སུ་བཅུག་པ་དང་། ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་སྤྱི་དམངས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཀྱི་ཡོད་པ་དང་། མིག་སྔར་བོད་ཀྱི་ཁོངས་སུ་རྟ་དམག་བ་དུད་ཚང་58ཀྱི་མི་195ཡོད། ཁོང་ཚོས་ཡུལ་སྐོར་དང་། ནགས་ཁྲོད་དཔལ་འབྱོར། གླ་པ་རྒྱུག་པ་སོགས་བྱས་ནས་འཚོ་ཐབས་བྱེད་ཀྱི་ཡོད། རྟ་དམག་བའི་བུ་ཕྲུག་སློབ་ཞུགས་བྱེད་ཚད་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་ཚད་ཚང་མ་100%ཟིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།