[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷུན་གྲུབ་རྫོང་མཁར་རྩེ་ཤང་དུ“ལས་ཞུགས་འབབ་འཕར་རོགས་སྐྱོར”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    “ས་ངན”ཡུག་ཁུལ་གྱི་གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་གཏོང་བ་དང་གནས་སྤོས་མང་ཚོགས་ཁྲོད་ཀྱི་ན་གཞོན་དར་མར་ལས་ཀ་ཡོད་པ་དང་། ཡོང་འབབ་ཡོད་པ། ཡོང་འབབ་འཕར་བ་བཅས་འགན་ལེན་བྱ་ཆེད། ཉེ་ཆར། མཁར་རྩེ་ཤང་གིས་དཔེ་སྣང་གྲོང་ཚོའི་ས་ཞིང་གསར་སྤེལ་རྣམ་གྲངས་ལ་ལས་མི་བསྡུ་བ་གོ་སྐབས་གལ་ཆེན་དུ་བྱས་ནས་“ལས་ཞུགས་འབབ་འཕར་རོགས་སྐྱོར”བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་ནང་ཤང་སྲིད་གཞུང་གིས“ས་ངན”ཡུག་ཁུལ་གྱི་ཆེད་དོན་ལས་དོན་མི་སྣ“ས་ངན”ཡུག་ཁུལ་དུ་བཏང་ནས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ལྷག་མར་བསྡོམས་རྩིས་ནན་ཏན་བརྒྱབ་པ་དང་སྦྲགས། བསྡོམས་རྩིས་བརྒྱབ་པའི་གནས་ཚུལ་ལ་དམིགས་ནས་ཁོང་ཚོར་དཔེ་སྣང་གྲོང་ཚོའི་ས་ཞིང་གསར་སྤེལ་རྣམ་གྲངས་ནས་ལས་ཀ་རག་པ་བྱས་པ་དང་ཆབས་ཅིག་ཆེད་དོན་ལས་དོན་མི་སྣས་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་དང་གཅིག་སྡུད་ཚོགས་འདུ་འཚོགས་པ་སོགས་ཀྱི་ཐབས་ལམ་སྤྱད་ནས་ཁོང་ཚོའི་ལས་ཀའི་བླང་བྱ་དང་། གླ་ཆ་ཐོབ་ཐང་། 《མི་སྤྱོད་གན་རྒྱ》ཡག་པོ་བལྟས་ནས་གན་རྒྱ་འཇོག་པ་སོགས་ཀྱི་ལས་དོན་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་དང་སྦྲགས་ལས་ཞུགས་གོ་སྐབས་ལ་གཅེས་འཛིན་དང་། མི་ལུས་བདེ་འཇགས་ལ་ཡིད་གཟབ། ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་འགན་བདེ་བླག་ངང་ལེགས་གྲུབ་བྱེད་དགོས་པ་སོགས་ཀྱི་རེ་བ་བཏོན་པ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་ནང་། གནས་སྤོས་མང་ཚོགས་22ཀྱི་ལས་ཞུགས་འབབ་འཕར་གྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཁོང་ཚོའི་ནང་གནས་སྒུལ་ཤུགས་འཕེལ་ཐུབ་པ་བྱུང་བ་དང་འབྲེལ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་དྲིན་འཇལ་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁོང་ཚོའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད། གནས་སྤོས་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ཁབ་དང་སྲིད་གཞུང་གིས་ང་ཚོར་སྡོད་གནས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་འབྲེལ་ལས་ཞུགས་གནད་དོན་ཐག་གཅོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།