[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • རྫ་ཡུལ་རྫོང་ཞིབ་དཔྱོད་ཁང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    ཉེ་ཆར། རྫ་ཡུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་བཀོད་སྒྲིག་ཐེངས་མང་བྱས་པའི་ཁར། རང་རྟོགས་ངང་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ཞིབ་དཔྱོད་འགན་ནུས་འདོན་སྤེལ་བྱེད་པའི་ལས་དོན་གྱི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ནན་པོ་བྱས་པ་དང་། དམ་འཛིན་ཡག་པོ་བྱས་པར་གྲུབ་འབྲས་ཀྱང་ཐོབ་ཡོད་པ་རེད།

    ཚད་ལྡན་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་གྱོད་དོན་བདག་སྤྲོད་བྱ་ཆེད། རྫ་ཡུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་གྱོད་དོན་དོ་དམ་ཁོའོ་ཡིས“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་གྱོད་དོན་ལྗང་མདོག་སྒྲུབ་ལམ་ཆེད་མངགས་བཏོད་པ་དང་སྦྲགས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་བྱས་པའི་ནག་སེལ་གཤེད་བཅོམ་གྱི་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ། ནག་སེལ་གཤེད་བཅོམ་གྱི་གྱོད་དོན་དུས་ཐོག་དང་ཕན་འབྲས་ལྡན་པའི་སྒོ་ནས་སྒྲུབ་པའི་འགན་ལེན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།