[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • མི་རིགས་ཀྱི་འཚེམ་བཟོའི་ལག་རྩལ་སྦྱོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-18

    593911_yis_1550375677063.jpg

    2012ལོར་བཙུགས་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་ལྕང་རིན་སྣ་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སི་ནི་མི་རིགས་ཀྱི་གྱོན་ཆས་དང་། སྲོལ་རྒྱུན་གྱི་གུར། བོད་བཟོའི་རྒྱན་ཆ་སོགས་ཐོན་སྐྱེད་བྱེད་མཁན་དམངས་གཉེར་ཁེ་ལས་ཤིག་རེད། ཀུང་སི་དེར་ད་ཆ་ལས་བཟོ་25ཡོད་པའི་ནང་15ནི་ས་གནས་དེ་གའི་དྭ་ཕྲུག་དང་། དབང་པོ་སྐྱོན་ཅན། དུད་ཚང་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་ཡིན་པ་དང་། ཀུང་སི་དེས་ཁོང་ཚོར་རིན་མི་དགོས་པར་མི་རིགས་ཀྱི་གྱོན་ཆས་བཟོ་སྟངས་སློབ་པ་མ་ཟད། ད་དུང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོའི་ལྟོ་ཆས་དང་ཞག་སྡོད་ཀྱི་གྲོན་དངུལ་འགན་ལེན་བྱས་ཤིང་། འདི་ནི་ཉེ་ཆར་ཀུང་སི་དེའི་འབྲེལ་ཡོད་འགན་འཁུར་བས་ཐོན་སྐྱེད་འཁོར་ཁང་དུ་ལས་བཟོར་འཚེམ་བཟོའི་ལག་རྩལ་སློབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།