[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ནས་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-24

    588834_yis_1548221193430.jpg

    2015ལོར་བསྐྲུན་པའི་དཔལ་འབར་རྫོང་ལོ་ཡག་གྲོང་གསེབ་གསར་པར་མ་དངུལ་བསྡོམས་འབོར་སྒོར་ཁྲི་968བཏང་བ་དང་། ད་ཆ་ཞིང་འབྲོག་པ་དུད་ཚང་77དང་མི་གྲངས་438སྡོད་ཀྱི་ཡོད། གྲོང་ཚོ་དེས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྡོད་ཁང་ཆ་ཚང་20བསྐྲུན་པར་སྡོད་ཁང་རེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་128ཡོད་པ་དང་། གྲུབ་ཆ་ནི་སོ་ཕག་ཡིན་པ་དང་དུད་ཚང་རེར་སྨི་ངོས་གྲུ་35ཟིན་པའི་དྲོད་ལྡན་ལྷས་ར་རེ་དང་སྨི་ངོས་གྲུ་28ཟིན་པའི་སྔོ་ཚལ་གྱི་དྲོད་ཁང་རེ་བསྐྲུན་ཡོད། ཨར་འདམ་ལམ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་1155ཟིན་པ་དང་དུས་མཚུངས་ཆུ་འབུད་མདོང་ལམ་དང་། ལམ་སྒྲོན། གློག་སྐུད་སོགས་རྨང་གཞིའི་སྒྲིག་བཀོད་དང་ཚད་ལྡན་ཅན་གྱི་གྲོང་ལྷན་འཛུགས་སྐྲུན་ལེ་ལག་ཚང་པོ་ཡོང་བ་བྱས་ཤིང་། འདི་ནི་དཔལ་འབར་རྫོང་ལོ་ཡག་གྲོང་ཚོའི་གྲོང་གསེབ་གསར་པའི་དཔེ་སྟོན་ས་ཚིགས་ཀྱི་རྣམ་པ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།