[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • སྐྱིད་གྲོང་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ཏང་འཛུཌ་སྐྱོང་དང་ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-03

    ཤང་གྲོང་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ནན་པོ་བསྟར་ནས།“ཞིང་གསུམ”ལས་དོན་ཏན་ཏིག་སྒྲུབ་ཆེད། སྐྱིད་གྲོང་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ཏང་འཛུགས་སྐྱོང་བྱ་རྒྱུ་གཙོ་ཁྲིད་དུ་བྱས་ཏེ། ཏང་འཛུགས་སྐྱོང་དང་ཟུང་འབྲེལ་གྱི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཏང་འཛུགས་སྐྱོང་གི་ལས་དོན་དང་ཤང་གྲོང་དར་རྒྱས་འཐབ་ཇུས་ཀྱི་ལས་དོན་ཟུང་འབྲེལ་ནུས་ལྡན་བྱས་ཏེ། “ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྒྲིག་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།

    ཏང་འཛུགས་སྐྱོང་དང་འབྲེལ་གཏུག་བཞིའི་ལམ་སྲོལ་ཟུང་འབྲེལ་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།“གྲོང་ཚོ་རེ་ལ་ཐོན་ལས་རེ་དང་གྲོང་ཚོ་རེ་ལ་ཁྱད་ཆོས་རེ”གཞིར་བཟུང་། གྲོང་ཚོས་གཉེར་བའི་དཔལ་འབྱོར་དངོས་ཚན་ཁག་གཅིག་སྐྱེད་སྲིང་དང་། ཕྱུག་འགྱུར་འཇོན་ཐང་ཅན་ཁག་གཅིག་ལ་རོགས་སྐྱོར། ལག་རྩལ་རྐང་འཛིན་མི་སྣ་ཁག་གཅིག་གསོ་སྐྱོང་གི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྐྱིད་གྲོང་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ཏང་འཛུགས་སྐྱོང་གི་དམངས་ཕྱུག་དཔེ་སྟོན་གྲོང་ཚོ་སྐྱེད་སྲིང་དང་གཏོད་རྒྱུ་ཚད་བརྒལ་བྱ་གཞིར་བརྩིས་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལག་ལེན་ནང་ཞུགས་པ་དང་། “ཏང་དང་། མང་ཚོགས་སྡེ་ཚན་བཅས་ཀྱིས་གྲོང་ཚོ་ཉམས་ཞན་དང་འབྲེལ་གཏུག་བྱེད་པ་དང་། དཔལ་འབྱོར་སྡེ་ཚན་གྱིས་གྲོང་ཚོ་དབུལ་པོ་དང་འབྲེལ་གཏུག་བྱེད་པ། སྲིད་ཁྲིམས་སྡེ་ཚན་གྱིས་ཟང་ཟིང་ཆེ་བའི་གྲོང་ཚོ་དང་འབྲེལ་གཏུག་བྱེད་པ། ཞིང་འབྲེལ་སྡེ་ཚན་གྱིས་ཁྱད་ལྡན་གྲོང་ཚོ་དང་འབྲེལ་གཏུག་བྱེད་པའི”“འབྲེལ་གཏུག་བཞིའི་ལམ་སྲོལ”བཙུགས་ཡོད། ལེགས་ཆ་ལྡན་པའི་སྡེ་ཚན་ཁག་གིས་མ་དངུལ་དང་། རྣམ་གྲངས། ལག་རྩལ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གྲོང་ཚོ་ཁག་གི་ཐོན་ཁུངས་ལེགས་ཆ་སྔོག་འདོན་བྱས་ནས་གྲོང་ཚོས་གཉེར་བའི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    ཏང་འཛུགས་སྐྱོང་དང་དུད་ཚང་དབུལ་པོ་ཟུང་འབྲེལ་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བྱས་པ། “སྣེ་ཁྲིད་པ”དང“གཉིས་སྐྱོང་གཉིས་ཁྲིད”ཀྱི་འདུ་འགོད་ལ་ཤུགས་སྣོན་བརྒྱབ་པ་དང་།“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་དང་། “མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་གི་ཁྱམས་རིང” ཆ་སྒྲིག་རོགས་སྐྱོར། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་སོགས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་དཔེ་སྟོན་དུད་ཚང་དང་མང་ཚོགས་ཕྱུག་འགྱུར་དུད་ཚང་གིས་དུད་ཚང་དབུལ་པོར“1+1”གི་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ནས་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པའི་གདོང་ལེན་དཔེ་བཟང་གི་འཇོན་ཐང་འདོན་སྤེལ་གྱིས་དུད་སྦྲེལ་མཉམ་སྐྲུན་དང་དུད་སྦྲེལ་འབབ་འཕར་གྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཅིག་ཆགས་པ་བྱས་ཡོད།

    ཏང་འཛུགས་སྐྱོང་དང་མཉམ་ལས་ཁང་ཟུང་འབྲེལ་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ། གྲོང་སྡོད་ལས་དོན་རུ་ཁག་གི་ལེགས་ཆ་གང་ལེགས་སྤྱད་དེ་རྣམ་གྲངས་ཀྱི་མ་དངུལ་དང་ལག་རྩལ་གྱི་རོགས་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་། “མཉམ་ལས་རྩ་འཛུགས་ཀྱིས་ཁྲིད་སྟོན་དང་། འཇོན་ཐང་ཡོད་པའི་ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་ཧུར་ཐག་ཞུགས་པ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ཏང་ཡོན་དཔེ་སྟོན་དུད་ཚང་སྐྱེད་སྲིང་དང་དབུལ་སྐྱོར་འགག་སྒྲོལ་གྱི“སྣེ་ཁྲིད་པ”གསོ་སྐྱོང་བྱས་ཏེ་ཏང་ཡོན་རྣམས་ཐོན་ལས་འཁོར་འབྲེལ་ཐོག་གཅིག་སྡུད་བྱས་པ་དང་། ཏང་ཡོན་དང་མང་ཚོགས་ལ་ཐོན་ལས་དར་རྒྱས་གཏོང་བར་སྐུལ་མ་དང་རྒྱབ་སྐྱོར་ཧུར་ཐག་བཅས་བྱས་ཏེ་སྤུས་རྟགས་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་ལས་རྣམ་པ་ཞིག་རིམ་གྱིས་གྲུབ་པ་བྱས་ཡོད།

    “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཞིང་འབྲོག་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དང་བདེ་ཐང་འཕྲོད་བསྟེན་ཤེས་བྱ་སོགས་སྒྲོག་འགྲེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་པ་རེད། གྲོང་ཚོའི(གྲོང་ལྷན)རིག་གནས་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད་དང་ཟུང་འབྲེལ་བྱས་པ་མ་ཟད། མཚན་མོའི་སློབ་གྲྭའི་གསབ་སྦྱོང་སོགས་ཀྱི་གསོ་སྦྱོང་བྱས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་རིག་གནས་སློབ་གསོར་ཤུགས་སྣོན་བརྒྱབ་པས། ཤང་གྲོང་གི་སྤྱི་ཚོགས་ཤེས་དཔལ་སྔར་བས་ལེགས་སུ་ཕྱིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།