[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • ཉིང་ཁྲི་གྲོང་ཁྱེར་གྱིས་འགན་བཅོལ་དངུལ་ཁག་གསུམ་གྱི་མཇུག་རྩིས་དྲ་ཐོག་དངུལ་ཁང་ནས་རྒྱག་པའི་བྱ་ཐབས་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-19

    ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་རིམ་སྟབས་བདེ་རུ་དང་སྤུས་ཚད་ལེགས་སུ།  ཕན་འབྲས་མཐོ་རུ་གཏོང་རྒྱུ་བཅས།  མཐའ་དག་མང་ཚོགས་ལ་སྟབས་བདེ་སྐྲུན་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་དང་བློ་ཡིད་ཚིམ་པའི་དཀར་ཁུང་འཛུགས་སྐྱོང་བྱེད་པའི་གཙོ་གནད་ལ་རྩིས་ནས།  དམ་འཛིན་བྱས་ཏེ་རང་འགུལ་ངང་དངུལ་རྩ་ལས་ཁུངས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་སྟེ།  འགན་བཅོལ་དངུལ་ཁག་གསུམ་གྱི་མཇུག་རྩིས་དྲ་ཐོག་དངུལ་ཁང་ནས་རྒྱག་པའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    སྤྱི་ལོ ༢༠༡༦ ལོའི་ཟླ་བ ༦ པ་ནས་སྤྱི་ལོ ༢༠༡༧ ལོའི་ཟླ་བ ༢ པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་བསྟུད་མར་ལས་བཟོ་པའི་སྨན་བཅོས་འགན་བཅོལ་དང་གྲོང་མིའི་སྨན་བཅོས་འགན་བཅོལ།  བུ་བཙའི་འགན་བཅོལ།  ལས་རྨས་འགན་བཅོལ་བཅས་ཀྱི་མཇུག་རྩིས་དྲ་ཐོག་དངུལ་ཁང་ནས་རྒྱག་པའི་ལས་སྒོ་གཉེར་བ་རེད།

    རགས་རྩིས་རྒྱབ་པར་གཞིགས་ན།  སྤྱི་ལོ ༢༠༡༧ ལོར་ཉིང་ཁྲི་གྲོང་ཁྱེར་གྱི་འགན་བཅོལ་ཆེ་མོ་གསུམ་གྱི་དངུལ་དྲ་ཐོག་དངུལ་ཁང་ནས་གཏོང་སྤྲོད་བྱེད་ཚད་ཁག ༦༢༠༠ ཟིན་པའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར ༢.༣༡ ཟིན་པས།  མང་ཚོགས ༤༤༧༠༠ ལྷག་ཙམ་དང་དམིགས་བཙུགས་སྨན་ཁང་ ༦༥ ལ་ཕན་པ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།