[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • དམངས་འཚོའི་འདུ་འགོད་ལག་བསྟར་བྱས་ནས་བདེ་སྐྱིད་འཚོ་བ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-27

    1222gt2.jpg

    ཉེ་བའི་ལོ་ཤས་རིང་། ཀོང་པོ་རྒྱ་མདའ་རྫོང་གིས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ངལ་ནུས་ཡོང་འབབ་མང་དུ་བཏང་སྟེ་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་རྒྱ་ཆེར་གཏོང་བའི་འཁོར་རྒྱུག་བཟང་པོར་སྐུལ་འདེད་བཏང་ཞིང་། འདི་ནི་2017ལོའི་ཀོང་པོ་རྒྱ་མདའ་རྫོང་གི“དཔྱིད་རླུང་བྱ་སྤྱོད”ཀྱི་གདན་ཞུའི་ཚོགས་འདུ་འཚོགས་ཡུལ་ཡིན་པ།

    1222gt1.jpg

     ཀོང་པོ་རྒྱ་མདའ་རྫོང་འགན་ལེན་ལྔ་གཅིག་སྡུད་འཚོ་སྐྱོང་ཞབས་ཞུ་ལྟེ་གནས་ཀྱིས་གཉེར་སྐྱོང་དོ་དམ་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་དམིགས་བསལ་གནས་ཚུལ་ཐག་གཅོད་བྱེད་སྐབས་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཧུར་ཐག་བྱེད་ཀྱི་ཡོད་ཅིང་། འདི་ནི་རྒྱང་རིང་ནས་པར་བླངས་པའི་ཀོང་པོ་རྒྱ་མདའ་རྫོང་འགན་ལེན་ལྔ་གཅིག་སྡུད་འཚོ་སྐྱོང་ཞབས་ཞུའི་ལྟེ་གནས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།