[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • རི་བོ་ཆེ་རྫོང་གིས་མང་ཚོགས་སྡོད་ཁང་རི་སྟེང་ནས་འཁོད་ཡང་སར་གནས་སྤོ་བྱས་པ།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-08

    W020171107429551310404.jpg

    W020171107429551459114.jpg

    སྟབས་བདེ་མེད་པའི་རི་སྟེང་སྡོད་ཁང་དག་འཁོད་སྙོམས་ས་ཆའི་གནས་སུ་སྤོས་པ་ཡག

    W020171107429551578637.jpg

    བབ་བསྟུན་གནས་སྤོས་སྡོད་ཁང་བཀོད་པ་ལེགས། ཞིང་པ་ང་ཚོའི་འཚོ་བ་བདེ་ལ་འཁོད།

    ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ནི་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨིད ༤༢༠༠ ཡན་ཡོད་པ་དང་།  ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་རིའི་སྐེད་དུ་གནས་པ་མང་པོ་མཐོང་རྒྱུ་ཡོད།  ས་གནས་དེ་གའི་སྲིད་གཞུང་གིས་མཛེས་པའི་ཤང་གྲོང་སྐྲུན་རྒྱུའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས།  སྤྱི་ལོ ༢༠༡༦ ལོའི་ཟླ ༥ པར་རི་བོ་ཆེ་གྲོང་རྡལ་ལྟག་སྒོ་གྲོང་ཚོའི་བབ་བསྟུན་གནས་སྤོས་བཀོད་སྒྲིག་ས་ཚིགས་ལས་གྲྭ་འགོ་ཚུགས་པ་དང་ལས་གྲྭའི་རྣམ་གྲངས་དུས་ཁག་གཉིས་སུ་དབྱེ་ཡོད།  

    དུས་ཁག་དང་པོའི་ལས་གྲྭའི་རྣམས་གྲངས་ནང་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་པོའི་དུད་ཁྱིམ ༣༩ ཡི་མང་ཚོགས ༡༤༩ རྣམས་སྤྱི་ལོ ༢༠༡༦ ལོའི་ལོ་མཇུག་ཏུ་ཚང་མ་གནས་སྤོ་ཐུབ་ཡོད།  ད་ཆ་དུས་ཁག་གཉིས་པའི་ལས་གྲྭ་ཡང་སྒྲིག་བཀོད་ཁ་ཤས་ཕུད་རྣམ་གྲངས་སྤྱིའི་ཆ་ན་མཇུག་སྒྲིལ་གྲབས་ཡོད་པ་དང་།  སྔོན་དཔག་ལྟར་ན་ད་ལོའི་སྤྱི་ཟླ ༡༡ པའི་ཟླ་མཇུག་ཏུ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་པོའི་དུད་ཁྱིམ ༦༠ ཡི་མང་ཚོགས ༣༤༢ ཁྱོན་ཡོངས་ནས་གནས་སྤོས་ཐུབ་རྒྱུ་རེད།  སྲིད་གཞུང་གིས་གནས་སྤོས་མང་ཚོགས་ལ་འབྲེལ་ཡོད་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ནས་མང་ཚོགས་གནས་སྤོ་ཐུབ་པ་དང་གནས་སྡོད་བརྟན་པོ་ཐུབ་པ།  ཕྱུག་པོ་ཆགས་ཐུབ་པའི་འགན་ལེན་བྱེད་རྒྱུ་རེད།  སྔོན་དཔག་ལྟར་ན་ལོ་ལྔ་ཚན་བཅུ་གསུམ་རིང་རི་བོ་ཆེ་གྲོང་རྡལ་གྱིས་དུད་ཁྱིམ ༡༩༠ དང་མང་ཚོགས་སྟོང་ལ་ཉེ་བ་བབ་བསྟུན་གནས་སྤོས་ཟིན་པ་བྱ་རྒྱུའི་དམིགས་ཚད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།