[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>བོད་དང་མེས་རྒྱལ་དབར་གྱི་འབྲེལ་བ།
  • གོང་མ་བདེ་སྐྱིད་ཀྱིས་ཇུན་གར་བའི་འཁྲུག་ཟིང་བདེ་འཇགས་སུ་བཏང་བའི་བྱས་རྗེས་ཡོད་མཁན་ལ་གོ་མིང་དང་བྱ་དགའ་གནང་བའི་དོན་དུ་ཆོག་ཐུ་ལ་བསྩལ་པའི་བཀའ་ལུང་།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-05-05

    未标题-1.jpg


    未标题-2.jpg


    未标题-3.jpg

    ༄༅། །ཚེ་རིང་གནམ་གྱི་ཤེ་མོང་གིས།  འཛིན་མའི་ཁྱོན་ལ་གནས་པའི་སྐྱེ་དགུ་རྣམས་ཕན་བདེས་སྐྱོང་བའི་ཧྭང་ཏིའི་བཀའ།  བདག་གིས་ཕྱི་ནང་གི་སྐྱེ་འགྲོ་མཐའ་དག་རིས་སུ་མ་ཆད་པར་སྐྱོང་ཞིང་།  བརྩེ་བས་ལེགས་ལམ་དུ་སྦྱོར་བ་ལ་བསམ་པ་རྣམ་དག་གིས་བདག་གི་བསླབ་བྱ་ཉན་ཅིང་།  བློན་པོའི་བསམ་སྦྱོར་ཚུལ་མཐུན་ལ་བརྩོན་པ་རྣམས།  ཇི་ལྟར་ས་ཐག་རིང་ཞིང་ཡུལ་མཐར་གནས་ཀྱང་།  ཕྱི་དང་ནང་ཞེས་རིས་སུ་མི་གཅོད་པར་བསྙམས་པས་བརྩེ་ཞིང་སྐྱོང་བ་ཡིན།  གནམ་དང་སའི་བར་གྱི་འགྲོ་བ་རྣམས་སྐྱོང་ཤིང་སྐྱོང་བ་གནམ་སའི་གནས་ཚུལ་ཡིན་པ་ལྟར།  བསམ་པ་རྣམ་དག་གིས་མགོ་གཏོད་བྱས་པ་རྣམས་ལ་གཟེར་བསྟོད་དང་ཆེད་འདོན་བྱེད་པ་ས་སྐྱོང་སྤྱིའི་ལུགས་ཡིན་པས་ན།  ད་ལྟ་བདག་གིས་གནམ་སའི་ཚུལ་དང་མཐུན་པར།  རྒྱལ་ཁྲིམས་དང་བྱ་དགའ་སྐྱོང་བ་ལ།  བདག་གི་བསླབ་བྱར་ཚུལ་བཞིན་ཉན་པ།  དགྲ་འཇོམས་དམག་ལས་ལ་འབད་རྩོལ་གྱིས་བཙོན་པ་རྣམས་ལ་ལུང་ལས་དང་།  ཆེད་འདོན་གནང་ཆ་གྱ་ནོམ་པ་སྩོལ་བ་ཡིན་པས་ན་ཆོག་ཐུ་ཁྱོད་སྔ་མ་ཏཱ་ལའི་བླ་མའི་མི་སྟེ།  ཤ་རའི་གོལ་ཤྲི་ཐའི་ཇི་ཡིན་པ་ལ།  སྤྱོད་ལམ་ལོག་པར་ཞུག་པའི་ཇུང་གར་གྱི་ལེ་དབང་རབ་བརྟན་གྱིས།  དོན་མེད་ཀྱི་རྐུན་དམག་ལྷ་སར་བཏང་ནས།  བསྟན་པ་བཤིག་ཅིང་།  བོད་འབང་རྣམས་སྡུགུ་བཅུག་པར།  ཆོག་ཐུ་ཁྱོད་རྐུན་དམག་གི་དབང་དུ་མ་སོང་བར།  ཚེ་རིང་དོན་གྲུབ་ཀྱིས་ཁྱོད་རང་ལ་རྟ་དང་ནོར་ལུག་སོགས་ཀྱི་ཁྲལ་ལེན་པར་མི་ལྔ་བཏང་བ་ཐམས་ཅད་བསད།  ཙང་ཇུན་ཨེ་རེན་ཐེའི་སོགས་ལ་ཆས་ཀ་བསྐྱེལ་བར་ཁྱོད་རང་གི་བུ་ཨོར་ཁེ་ཇའི་ཚང་བཏང་བ་རྐུན་དམག་གིས་བསད་ནས།  ཁྱོད་ལ་གཏོགས་པའི་མི་སྡེ་ཐམས་ཅད་རྐུན་དམག་གིས་འཕྲོག་བཅོམ་བྱས་ནས་གཏོར་ནའང་།  ཁྱོད་རང་གིས་ལུས་སྲོག་ལ་མ་ལྟོས་པར་རྐུན་དམག་ཚོ་དང་།  སྔ་མོ་ནས་ད་ལྟའི་བར་དུ་རྒོལ་བ་སོགས་ཁྱེད་རང་གིས་སྙིང་ཐག་པའི་སྒོ་ནས་འབད་རྩོམ་འདི་བཞིན་བྱས་པ་རྣམས།  ཙང་ཇུན་དབང་ཆེན་པོས་ཞུས་པར་བརྟེན།  བཀའ་དྲིན་ཆེན་པོའི་བདག་རྐྱེན་གྱིས་ཁྱོད་ལ་ཚད་ལས་འདས་པའི་རིམ་པ་དང་པོའི་ཐའི་ཇི་བཞག་པ་ཡིན་པས།  འདི་ཕྱིན་ཆད་སུ་གང་གི་ཐད་ནས་ཀྱང་ཁྱོད་ལ་གནོད་འཚེ་བྱས་མི་ཆོག་གཤིས།  ཏཱ་ལའི་བླ་མར་ཁྲལ་གྱི་ལས་དང་བྱ་བ་གང་ལའང་སྔར་ལུགས་ལྟར་བྱེད་པ་ལས།  སྔར་ལུགས་དང་མི་མཐུན་པའི་བྱ་བ་ཅི་ཡང་བྱས་མི་ཆོག་ཞིང་།  ཁྱོད་རང་གི་རིགས་རྒྱུད་ལ་ཡང་རྒྱུན་མི་འཆད་པར་ཕན་པའི་བཀའ་དྲིན་ཆེན་པོའི་བདག་རྐྱེན་གྱིས།  བཀའ་ཤོག་བསྩལ་བ་ཡིན་པས།  ཁྱོད་ངའི་བཀའ་ལས་མི་མདའ་ཞིང་།  ངའི་བཀའ་དྲིན་བདག་རྐྱེན་ནམ་ཡང་མ་བརྗེད་པར་རྒྱལ་ཁྲིམས་དང་མཐུན་པའི་བྱ་བར་ལེགས་བས་བརྩོན་ན།  བཀའ་དྲིན་བདག་རྐྱེན་འདིས་ཁྱོད་རང་གི་ཕ་མེས་དང་།  རིགས་རྒྱུད་ལ་ཡང་ལེགས་ཚོགས་སུ་འགྱུར་ལ་མ་ངེས་པའི་རྒྱལ་ཁྲིམས་དང་འགལ་བ་བྱུང་བའམ།  བྱ་བ་རྣམས་སྔར་ལུགས་དང་མི་མཐུན་པའི་འགྲོ་འདུག་རྩིང་པོ་བྱུང་ན།  ཁྱོད་རང་ལ་གང་ཅི་ནས་མི་ལེགས་ཤིང་།  ཐའི་ཇིའི་ཆོ་ལོ་ཡང་བླང་ནས་རྒྱལ་ཁམས་སྤྱི་ཁྱབ་ལ་ཡོད་པའི་ཁྲིམས་ལུགས་དང་མཐུན་པ་ངེས་པར་བྱེད་པ་ཡིན།

    བདེ་སྐྱིད་རྒྱལ་པོ་དགུང་ལོ་དྲུག་ཅུ་པའི་ཟླ་༩ཚེས་༦ལ།

    བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད།

    《བོད་ཀྱི་ལོ་རྒྱུས་ཡིག་ཚགས་གཅེས་བསྡུས》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།