[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>མི་དང་རང་བྱུང་ཁམས།
  • གངས་ལྗོངས་ས་མཐོའི་གཉའ་གཅོག་མཛད་སྒོར་གཟིགས་དང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-17

    gongrq7325_s.jpg

    ས་ཁོད་སྙོམས་པ།

    ཚེས་16ཉིན་ནི་བོད་ཟླ་དང་པོའི་ཚེས་བཅུ་དགུ་དང་དཔྱིད་རྨོད་ཀྱི་ཚེས་ཆ་ལེགས་པས་བོད་ཀྱི་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་གཉའ་གཅོག་མཛད་སྒོ་གཟབ་རྒྱས་གཉེར་ཞིང་། དེ་ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་ཞིང་ཁའི་ནང་བསང་བཏང་རྗེས་ཡུམ་བུ་བླ་མཁར་གྱི་རི་གཤམ་དུ་འཛོམས་ནས་བོད་ཀྱི་ཞིང་ལ་སྔ་བ་ཞེས་གྲགས་པའི་ས་ཞིང་གཤིན་པོའི་ཐོག་གཉའ་གཅོག་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་།  ཞིང་འབྲོག་པའི་འཚོ་བ་ལོ་རྒྱུས་རང་བཞིན་གྱི་ལེགས་སུ་ཕྱིན་པ། འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། ཞིང་འབྲོག་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་དང་སྤྲོ་སེམས་ཆེ་རུ་ཕྱིན་ནས་ཞིང་འབྲོག་ཁུལ་གྱི་རྣམ་པའང་གསར་རྐྱང་དུ་གྱུར་ཡོད་པ་རེད།

    ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་མང་ཚོགས་ཚོས་གསོལ་བ་སྨོན་ལམ་འདེབས་བཞིན་བསང་ཕུང་ནང་ཆང་ཕུད་དང་འབྲུ་ཕུད་གཏོར་བས་བསང་གི་དུ་བ་ལང་ལོང་དུ་འཕྱུར། གྲོང་མི་ཚོས་ཕྱེ་མར་འཁྱེར་ཏེ་འདྲུད་འཐེན་འཕྲུལ་འཁོར་ལ་ཁ་བཏགས་གཡོགས་པ་དང་སྦྲགས་ཆང་ཕུད་གཏོར་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་བཟང་པོ་བཏབ་ཅིང་། དེ་མུར་གྲོང་མི་སྤེན་པ་བཀྲ་ཤིས་ཀྱིས་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ས་ཞིང་གཤིན་པོ་རྨོ་འགོ་ཚུགས་པ་རེད།

    2016ལོར་བོད་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ལས་བརྒལ་ཡོད་ལ་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ཀྱིས་གྲོང་གསེབ་ཀྱི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་ཞིང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་ས་ཞིང་གཉེར་སྐྱོང་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་གསོན་ཤུགས་འཕེལ་བ་དང་ཞིང་པའི་འབབ་འཕར་གྱི་ཐབས་ལམ་ཡངས་སུ་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།