[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>མི་དང་རང་བྱུང་ཁམས།
  • ལྷ་ཀླུ་འདམ་རའི་ལོ་གཅིག་དུས་བཞིའི་ཉམས་སྣང་།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-18

    གླུ་དང་གར་ལ་སྤྲོ་བའི་བོད་རིགས་མང་ཚོགས་རྣམས“ལྷ་ས་མ་ཆགས་ལྷ་ས་ཆགས། ལྷ་ས་མཚོ་མོའི་སྟེང་ལ་ཆགས”ཞེས་པའི་དམངས་གཞས་དེ་ལེན་རྒྱུར་ཤིན་ཏུ་དགའ། ཤོད་རྒྱུན་ལྟར་ན། གནའ་སྔ་མོ་བཙན་པོ་སྲོང་བཙན་སྒམ་པོས་བཙན་པོའི་རྒྱལ་རབས་སྐྱིད་ཤོད་དུ་གནས་སྤོ་སྐབས་ལྷ་ས་ནི་ཚང་ཚིང་གཡུ་ལོ་འཁྲིགས་པའི་འདམ་ར་ཞིག་ཡིན། དེར་མི་རྣམས་ཀྱིས་འོ་ཐང་མཚོ་ཞེས་འབོད། རྗེས་སུ་བཅར་འདྲིར་སྐྱོད་རིང་རྒན་རབས་ཚོས་དེ་སྔོན་ལྷ་སར་ཆུ་ཤིན་ཏུ་འབེལ་བ་དང་ལྷག་པར་དུ་ཕོ་བྲང་པོ་ཏ་ལའི་མདུན་ཕྱོགས་སུ་གཡུ་ཡི་མཎྚལ་ཕྱིས་ལྟར་སྔོ་ལ་དྭངས་ཤིང་གཙང་བ་དང་ཉ་ཆུང་གསེར་མིག་རྣམས་རང་དགར་རྒྱུ་བའི་མཚོ་ཆེ་ཆུང་མང་པོ་ཡོད་པའི་སྐོར་གླེང་མྱོང་། སྔོན་མ་ལྷ་ཀླུ་འདམ་ར་རྒྱ་ཁྱོན་ཤིན་ཏུ་ཆེ། ཕྱིས་ལྷ་ས་གྲོང་ཁྱེར་རྒྱ་བསྐྱེད་བྱེད་སྐབས་འདམ་རའི་ས་ཆ་མང་པོ་འཛུགས་སྐྲུན་འོག་ཚུད་དེ་གཞི་ཁྱོན་ཆུང་དུ་ཕྱིན་ནས་ད་ཆ་སྤྱི་ལེ་ངོས་གྲུ་6ཙམ་ལས་ལྷག་མེད་ཅིང་། 2005ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག ད་ཆ་ལྷ་ས་གྲོང་ཁྱེར་འཕེལ་རྒྱས་ཆེན་པོ་ཕྱིན་ནས“མཚོ་མོའི་སྟེང་ལ་ཆགས་པའི”སྣང་བ་མེད། དེས་ན་ང་རང་རྩྭ་ཆུ་བཟང་བའི་ལྷ་ཀླུ་འདམ་རར་དེ་བས་དགའ་བར་གྱུར་ནས་མཛེས་མ་དེའི་དུས་བཞིའི་འགྱུར་ལྡོག་གི་སྙན་འཇེབས་ཡི་གར་འོང་བའི་རོལ་མོ་ཉན་རྒྱུར་ལྷག་པར་མོས།

    ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་པས། ཕྱོཌ་བཞི་མཚམས་བརྒྱད་ཀྱི་བྱ་རིགས་རྣམས་རང་དགར་འཕུར་རྩལ་ངོམས་བཞིན་འདི་གར་འཚོ་སྡོད་བྱེད་པར་འོང་བ་དང་། ཆེས་སྟུག་པའི་རྩྭ་རྩི་ཤིང་དེ་དག་གིས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་མང་པོ་འཇིབ་པ་མ་ཟད། གསོ་རླུང་ཏུན་ཁྲི་མང་པོ་མཁོ་འདོན་བྱེད་པས་ན། མི་རྣམས་ཀྱིས“ལྷ་སའི་གློ་བ”ཞེས་པའི་མིང་སྙན་པོ་ཞིག་བཏཌ་ཡོད། འདམ་རའི་སྟོད་རྒྱུད་བྱེ་རཌ་གཙང་པོ་དང་། མ་ཡུར་བྱང་། མ་ཡུར་དཀྱིལ། མ་ཡུར་ལྷོ་བཅས་དང་འདྲེས་ཏེ་ལྷ་སའི་ཆུ་རྒྱུད་ཅིག་ཏུ་གྱུར་ཡོད། ཆུ་བོ་རྣམས་རྩྭ་རྩི་ཤིང་ཁྲོད་དལ་བུར་རྒྱུག་པའི་བརྒྱུད་རིམ་ནང་དྭངས་གསིང་དབྱེ་བ་འབྱེད་དེ་ཆུའི་སྤུས་ཚད་རིམ་པ་གསུམ་པ་ནས་གཉིས་པར་ལེཌ་སུ་ཕྱིན་པ་དང་ཆུ་བོ་དེ་དག་མཐར་འདམ་རའི་ལྷོ་ནུབ་ངོས་ནས་སྐྱིད་ཆུའི་ནང་འབབ་ཀྱི་ཡོད། ཡིན་ནའང་ཡིད་ཕམ་དགོས་པ་ཞིག་ལ་གྲོང་ཁྱེར་གྱི་ཆུ་རྒྱུག་ཁུལ་ཡིན་པའི་རྐྱེན་གྱིས་ལྷ་ཀླུ་འདམ་རའི་སྟོད་རྒྱུད་ཀྱི་རགས་སྐྱོར་ནང་ཉིན་ལྟར་གད་སྙིཌ་ཏུན་2ལྷག་ཙམ་ཡོང་གི་ཡོད་པ་དེ་འདམ་རའི་སྦགས་ཁུངས་གཙོ་བོར་གྱུར་ཡོད་ལ། གད་སྙིཌ་གཙང་སེལ་བྱ་རྒྱུ་དེའང་ལས་དོན་པས་ཉིན་ལྟར་སྒྲུབ་དགོས་པའི་ལས་འགན་ལྕི་པོ་ཞིག་ཏུ་གྱུར།

    ལྷ་ཀླུ་འདམ་ར། ཁྱེད་ཀྱི་འཛུམ་ཞལ་ངོམས་བཞིན་དུ་གནས་མཆོག་འདིའི་སྣོད་བཅུད་ཀྱི་ཉམས་སྣང་ལྷུག་པོར་གྲོལ་རོགས།

    340332_yis_1479398524754.jpg

    བསྡོམས་རྩིས་ལྟར་ན་ལྷ་ཀླུ་འདམ་རའི་ནང་འཚོ་སྡོད་བྱེད་མཁན་བདག་ཏུ་མ་བཟུང་བའི་སྲོག་ཆགས་142ཙམ་དང་རྩ་ཆེ་ལ་དཀོན་པའི་བྱ་རིགས་62ཡོད་པའི་ཁྲོད་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་བྱ་རིགས་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མཐིང་ག་སོགས་ཡོད། འདི་ནི་འདམ་རའི་ནང་ངང་པ་ཞིག་རང་དགར་ཟས་འཚོལ་བཞིན་པ།

    340331_yis_1479398522742.jpg

    མར་གད་བཞུས་འདྲའི་སྟོན་དུས་ཀྱི་དགོང་དྲོའི་མཚམས་སྤྲིན་གྱིས་ལྷ་ཀླུ་འདམ་ར་ཡོངས་སུ་བརྒྱན་པ།

    340329_yis_1479398521229.jpg

    མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་བའི་དབྱར་ཟླ་ར་བར་ལྷ་ཀླུ་འདམ་རའི་རྩྭ་རྩི་ཤིང་རྣམས་སྔོ་ཐིང་ཐིང་དུ་གནས་ཤིང་། འདི་ནི་ཞོགས་པ་ལྷ་ཀླུ་འདམ་རའི་ནང་བེའུ་ཞིག་རྩྭ་རྩི་ཤིང་གི་བཅུད་ལ་རོལ་བཞིན་པ།

    340338_yis_1479398532710.jpg

    ལྷ་ཀླུ་འདམ་རའི་ནང་རྩྭ་རྩི་ཤིང་སྣེ་ཁ་མི་གཅིག་པ་100ལྷག་ཙམ་ཡོད་པས། “རང་བྱུང་གི་དྭངས་གསིང་འབྱེད་ཆས”ཞེས་སུ་འབོད། དབྱར་དུས་འདམ་རའི་ནང་རྩྭ་རྩི་ཤིང་འཚར་སྐྱེས་ལེགས་ལ་རླབས་ཕྲེང་ཆལ་ཆིལ་དུ་གཡོ་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།