[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>མི་དང་རང་བྱུང་ཁམས།
  • སད་ཀྱིས་རྒྱན་པའི་བྱང་ཐང་།

  • ཡོང་ཁུངས།   མི་དམངས་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-02




    སྟོན་གཞུང་གི་བྱང་ཐང་ནི་འཁྱགས་རླུང་འུར་འུར་དུ་ལྡིང་ཞིང་། གངས་ཀྱིས་བཏུམས་པའི་རི་འདབས་སུ་དྭངས་གཙང་གི་མཚོ་མོ་འཁྱིལ་ཞིང་། རྐྱང་དང་གཙོད་སོགས་ཁྱུ་ཁྱུ་བྱས་ཏེ་སྟོན་མཇུག་གི་རྩྭ་ས་སྔོ་ལྗང་ལོངས་སུ་སྤྱོད་བཞིན་ཡོད།

    ཉེ་བའི་ལོ་འགའི་རིང་། སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་གི་ནུས་ཤུགས་ཆེ་རུ་བཏང་སྟེ་རྩྭ་རའི་སྐྱེ་ཁམས་ཐོན་ཁུངས་ཚན་རིག་དང་མཐུན་པར་བཀོད་སྤྱོད་བྱས་པས། བྱང་ཐང་སླར་ཡང་རི་དྭགས་འཚོ་གནས་ཀྱི་ཁྱིམ་གཞིས་སུ་གྱུར་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་བྱེད་པའི་“རྒྱལ་ཁ་གཉིས་ལེན་”གྱི་དམིགས་ཡུལ་ཡང་མངོན་འགྱུར་བྱུང་བ་རེད།

    བྱང་ཐང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་ཟིན་ལ་རི་དྭགས་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། ཤན་རྩ་རྫོང་ཁོངས་ཀྱི་ཁྲ་ཚང་མཚོ་ཡི་འདབ་ཆགས་གླིང་ཕྲན་དུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། ངུར་པ་སོགས་རིགས་ཁྲི་ལས་བརྒལ་བ་འཚོ་བཞིན་ཡོད་པ་དང་བྱ་རིགས་དེ་ཚོས་མཚོ་འགྲམ་གྱི་མིར་འཇིགས་སྣང་མི་བྱེད་པ་རེད།

    མཐོ་སྒང་གི་ས་གཙང་འདིའི་སྟེང་དུ་འཚོ་བའི་སེམས་ཅན་རྣམས་སྲུང་སྐྱོང་བྱེད་ཆེད། 1993ལོར་བོད་རང་སྐྱོང་ལྗོངས་ཀྱིས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་རེད། 2000ལོར། བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྒྱུར་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་30ལྷག་ཟིན་ཡོད། དེ་དང་དུས་མཉམ་དུ། ནག་ཆུ་ས་ཁུལ་གྱིས་སྲུང་སྐྱོང་ཁུལ་དུ་རི་དྭགས་སོགས་པའི་སྲོག་ཆགས་སྲུང་སྐྱོང་བྱེད་པའི་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ཀྱང་ལག་བསྟར་བྱས་པ་དང་། ཤང་དང་གྲོང་ཚོ་རྨང་གཞིར་བྱས་པའི་གོང་གསལ་རི་དྭགས་དང་སྲོག་ཆགས་སྲུང་སྐྱོང་དོ་དམ་མ་ལག་བཙུགས་ནས་སྔ་རྗེས་སུ་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ནག་ཆུ་དོ་དམ་ཅུས་དང་དོ་དམ་ས་ཚིགས་མང་པོ་བཙུགས་ཏེ་རི་དྭགས་ལྐོག་རྔོན་གྱི་རིགས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྒྲུབ་ཤུགས་ཆེ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།