[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • ཡེ་སུན་ཐེ་མུར་རྒྱལ་པོས་མདོ་ཁམས་རི་བོ་ཆེ་དགོན་པའི་གྲྭ་པ་རྣམས་ལ་འཛིན་རྒྱུར་བསྩལ་པའི་བཀའ་ལུང་།

    ཧོར་ཡིག་གསར་མ། བྱི་ལོ་ཟླ་བ་༣ཚེས་༡༣ཉིན། ཕྱི་ལོ་༡༣༢༤

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-12-29

    ཚེ་རིང་གནམ་གྱི་སྟོབས་ལ་བརྟེན་པ་དང་བསོད་ནམས་ཆེན་པོའི་དཔལ་གྱིས་སྐྱོང་བའི་རྒྱལ་པོའི་ལུང་།

    མདོ་ཁམས་ཀྱི་སྭོན་ཝི་སིའི་མི་དཔོན།  དམག་དཔོན།  དམག་མི།  མི་སྡེའི་ད་ར་ཁ་ཆེ།  མི་དཔོན།  འགྲུལ་བྱེད་པ།  ཁྱུང་པོའི་མི་དཔོན།  མི་སྡེའི་འཇའ་མོ་ཆེ།  ཧྭ་ཤང་།  ལྷ་སྡེ།  འབྲོག་སྡེ།  འབྲོག་སྡེ་རྣམས་ལ་ཟློ་བ།

    ཇིང་གིར་རྒྱལ་པོ།  ཨོ་ཁོ་དེའི་རྒྱལ་པོ།  སེ་ཆེན་རྒྱལ་པོ།  ཨོལ་ཇེའི་ཐུ་རྒྱལ་པོ།  ཁུ་ལུག་རྒྱལ་པོ།  བུ་ཡན་ཐུ་རྒྱལ་པོ།  ཤི་དི་པ་ལ་རྒྱལ་པོ་བཅས་ཀྱི་ལུང་སུ་ཧྭ་ཤང་།  ཨེར་ཁེ་འུན།  སྭེན་ཤྲིང་།  ད་ཤི་མན་ས་ནས་ཁྲལ་ཅི་ཡང་འཇལ་མི་དགོས་པ་དང་།  གནམ་ལ་སྨོན་ལམ་འདེབས།  སྐྱབས་འཇུག་ཞུ་ཞེས་འཁོད་ཡོད་པས།  སྔར་གྱི་ལུང་བཞིན་ཁྲལ་ཅི་ཡང་འཇལ་མི་དགོས་པ་དང་།  སངས་རྒྱས་ཤཱཀྱ་མུ་ནེ་ལ་སྨོན་ལམ་འདེབས།  སྐྱབས་འཇུག་ཞུར་བཅུག་བཟླས་ནས་མདོ་ཁམས་རི་བོ་ཆེ་དགོན་པའི་གྲྭ་པ་རྣམས་ལ་འཛིན་རྒྱུའི་ལུང་བྱིན་པ་ཡིན།  འདི་པ་རྣམས་ལ་དབང་བའི་དགོན་པ་དང་ཁང་གཞིས་སུ་འཚེར་མ་འབབ།  ཟ་མ་འུ་ལག་མ་ལེན།  ཚང་དམ་ཁ་མ་ལེན། འདི་པ་རྣམས་ལ་མཛོ་རྟ་གསན་པ་དང་རྔོ་རྒྱག་ཏུ་མ་བཅུག  མི་སུ་ཞིག་ཡིན་རུང་དགོན་པར་བདག་པའི་གངས་མདའ་ཕན་ཆོད།  མཚོ་མདོ་ཡན་ཆོད།  ཉང་ཆེ་ཆུང་།  ཡར།  གཡེལ་བེར།  གཡེར་པོ།  ཆོ་ཉེན།  ཚ་བ་ཁ་སོགས་ཀྱི་ས།  ཆུ།  མི།  ཕྱུགས་སོགས་ཅི་དང་ཅི་ཡིན་པ་རྣམས་མ་འཕྲོག  མ་འཐེན།  ཤེ་མོང་མ་བཙོང་།  གྲྭ་པ་རྣམས་ནས་ཀྱང་འཛིན་རྒྱུའི་ལུང་ཡོད་ཟེར་ནས་ཁྲིམས་དང་འགལ་བའི་བྱ་བ་མ་བྱེད།  བྱས་ན་མི་སྐྲག་པ་ཨེ་ཡིན།  ཐའི་ཏིང་ཁྲི་ལོ་དང་པོ་བྱི་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ཉིན་ཏའི་ཏུར་བྲིས་པའི་ལུང་།

    《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག—གཞུང་ཡིག་ཕྱོགས་སྒྲིག》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།