[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • བོད་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་ཁག་དང་པོའི་རྩ་ཆེའི་རིག་དངོས་ཁྲི་ལྷག་ལ་གྲངས་གཞི་ཅན་གྱི་ཡིག་ཚགས་བཟོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-01-20

    གསར་འགོད་པས་ཉེ་དུས་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་བར། བོད་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་གྲངས་གཞི་ཅན་གྱི་ཡིག་ཚགས་བཟོ་བའི་ལས་དོན་གྱི་འཕེལ་རིམ་བདེ་བླག་ཡོད་པ་དང་མིག་སྔའི་བར། ཁག་དང་པོའི་རྩ་ཆེའི་རིག་དངོས་ཆིག་ཁྲི་ལྷག་གི་ཡིག་ཚགས་བཟོས་ཟིན་པ་དང་རྗེས་མཐུད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    བོད་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དེ་སྤྱི་ལོ་1999ལོར་གསར་དུ་སྒོ་ཕྱེ་བ་དང་། དེ་ནི་བོད་ཀྱི་དེང་རབས་ཅན་གྱི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་ཡིན་ཅིང་། མིག་སྔར་ཁང་དེའི་ནང་ཉར་ཚགས་བྱས་པའི་དངོས་པོ་ལྔ་འབུམ་ཉིས་ཁྲི་ལྷག་ཟིན་ཡོད། དུས་ཡུན་རིང་པོའི་ནང་། ལག་རྩལ་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་ཚོད་འཛིན་ཐེབས་པའི་དབང་གིས། བཤམས་མཛོད་ཁང་ནང་གི་རིག་དངོས་ལ་སྟབས་བདེའི་དཀར་ཆག་ལས་མེད་པ་དང་། དེང་རབས་བཤམས་མཛོད་ཁང་གི་རིག་དངོས་དོ་དམ་བྱེད་པའི་བླང་བྱ་དང་འཚམས་པའི་ཡིག་ཚགས་ཤིག་མེད་པས། རིག་དངོས་ཡོངས་ཁྱབ་ཞིབ་བཤེར་དང་ཚན་ཞིབ་ལས་དོན་ཐད་སྟབས་བདེ་མེད་པ་རེད།

    བོད་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་བདག་གཉེར་པུའི་ཀྲུའུ་རེན་གཞོན་པ་པ་སངས་ཕན་ཐོགས་ཀྱིས་ངོ་སྤྲོད་གནང་བར། སྤྱི་ལོ་2013ལོར། བོད་ལྗོངས་ཀྱིས་ལྗོངས་ཡོངས་ལ་ཁྱབ་པའི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་པ་དང་། འཆར་གཞི་ལྟར་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ལྗོངས་ཡོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་རྩད་ཞིབ་མཐར་ཕྱིན་བྱས་པ་དང་། ལོ་དེ་རང་དུ་བོད་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་གྲངས་གཞི་ཅན་གྱི་ཡིག་ཚགས་བཟོ་བའི་ལས་དོན་དུས་གཅིག་ཏུ་འགོ་ཚུགས་ཡོད་པ་རེད།

    པ་སངས་ཕན་ཐོགས་ཀྱིས། ད་ཐེངས་གྲངས་གཞི་ཅན་གྱི་ཡིག་ཚགས་བཟོ་བའི་ལས་དོན་གཙོ་བོའི་གྲས་སུ་རིག་དངོས་ཀྱི་མིང་དང་། རིགས། ལོ་རབས། སྤུས་ཀ། ཕྱི་དབྱིབས་ཀྱི་ཆེ་ཆུང་། སྤུས་ཚད། ཉར་ཚགས་གནས་བབ་སོགས་གཞི་རྩའི་དམིགས་ཚད་14ཚུད་ཡོད་པ་དང་། བཀོལ་སྤྱོད་བརྒྱུད་རིམ་ཁྲོད། ལས་དོན་པས་རིག་དངོས་ཀྱི་དབྱེ་བར་གཞིགས་ནས་གཅིག་འགྱུར་པར་ལེན་དང་ཨང་བསྒྲིགས་བྱ་རྒྱུ་དང་། དེའི་དམིགས་ཡུལ་ནི་ཁྱོན་ཡོངས་ནས་རིག་དངོས་ཀྱི་གཞི་རྒྱུའི་རྣམ་པའི་ཆ་འཕྲིན་ཟིན་འགོད་དང་། གནས་སྤོ་ཆོག་པའི་རིག་དངོས་ཀྱི་ཆ་འཕྲིན་དོ་དམ་སྟེགས་བུ་འཐུས་ཚང་དུ་གཏོང་ཆེད་ཡིན་པ་རེད་ཅེས་གསུངས་འདུག།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།