[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • ཡིག་ཚགས་ཀྱི་དོན་དངོས་ལས་བོད་ཀྱི་འགྱུར་ལྡོག་གླེང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-06

     བོད་རྙིང་པའི་གདུག་རྩུབ་དེ་ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་སྐྱོད་པ་དང་བསྟུན་ནས་མེད་པར་གྱུར་ཀྱང་། མུན་ནག་གི་ལེའུ་དེ་ལོ་རྒྱུས་ཀྱི་ཡིག་ཚགས་ཁྲོད་ནམ་ཡང་འཁོད་སྲིད། 

    བོད་རྙིང་པར་རིན་སྤུངས་ས་ཁུལ་གྱི་སྐུ་དྲག་ལྕང་སྲུང་པའི་ཁྲལ་པས་བཀའ་ཤག་ལ་ཁྲལ་ལྕི་དྲགས་ནས་ཉུང་དུའམ་རྩ་ཆག་གཏོང་རྒྱུའི་རེ་བ་བཏོན་ཞིང་། དེའང་ཡིག་ཚགས་ནང“དེ་སྔའི་ལོ་26ནང་ང་སོགས་ལ་ས་ཞིང་སྦར་མོ་གང་མེད་ཀྱང་། རྟ་གཅིག་ལ་སྒ་གཉིས་བཀལ་བ་ལྟར་ཁྲལ་འབོར་ཆེན་འཇལ་དགོས་པས་མི་ཡུལ་དུ་དམྱལ་བའི་འཚོ་བ་སྐྱེལ་བ་ལྟར་ཡིན”ཞེས་འཁོད་ཡོད།

    ད་དུང་རྩ་ཆེའི་ཡིག་ཚགས་ཤིག་ནང་དཀྱིལ་ཁང་པ་ཚེ་བརྟན་ལ་བུན་སྐྱེད་སྤྲོད་ནུས་མེད་རྐྱེན། བྲན་གཡོག་མ་སྨད་བཞི་བུན་ཚབ་ཏུ་སྤྲོད་རྒྱུའི་སྐོར་བཀོད་ཡོད། ཡིག་ཚགས་ནང“སྐུ་ཞབས་རམ་པའི་ཕྱག་ནས་ཕྲན་མིག་འདོན་དཀྱིལ་ཁང་པའི་དམག་ཕོགས་མ་རྩའི་དངུལ་ཞུས་ཀྱི་ངོ་བསྐྱེད་འབུལ་དམིགས་གང་ཡང་མེད་གཤིས། ཕྲན་ཚོའི་མི་གྲས་དམན་ཆོས་འཛིན་སྒྲོལ་མ་མ་སྨད་བཞི་དཔལ་འདིར་སྡོད་པའི་སྔ་མོའི་མི་བོགས་ཕྲན་དཀྱིལ་ཁང་པ་རང་ནས་བླངས་ཟིན་པ་འདི་ལོ་ནས་མ་སྨད་བཞི་པོ་རམ་པར་རྩ་སྦྱོར་གྱི་ཕུལ་བ་འདི་ལ་རྗེས་སུ་གནས་མིན་ཞུས་སྲིད་ཚེ། འབབ་འགོར་མོ་ལྔ་གཙང་འབུལ་གྱི་སླར་ཡང་འདི་དོན་གསོར་གནས་ཞུ་འཛིན་དུ་ཕན་རྒན་ཚེ་བརྟན་དང་བར་དཔང་ལྗོན་ལྡིང་གཉིས་ནས”ཅེས་འཁོད་ཡོད།

    ས་ཞིང་མེད་པའི་ཞིང་བྲན་ཚོས་ལྗིད་རྫོབ་ཆེ་བའི་ཁྲལ་རིགས་སྣ་ཚོགས་འཇལ་དགོས་པ་ཕུད། ཁོང་ཚོའི་ཚེ་སྲོག་གྲེ་ཐག་ལྟར་ཡིན་པ་དང་འགན་ལེན་གང་ཡང་མེད།

    ཡིག་ཚགས་ཤིག་ནང་འཁོད་པ་ནི་ཇོ་རྫོང་རྫོང་སྡོད་ཀྱིས་བཀག་ཤག་གི་བཀའ་བཀོད་གཞིར་བཟུང་། རྒྱང་འབུད་བཏང་བའི་ཉེས་ཅན་པའི་རྐང་གཡས་བྱིན་ཉྭ་འདོན་རྒྱུའི་སྐོར་གྱི་བཀའ་ཤག་ལ་ཕུལ་བའི་སྙན་ཞུ་ཡིན་པ་དང་དེའི་ནང་དོན་ནི། “དཔལ་ལྡན་ས་སྐྱོངས་མི་དབང་ཆོས་རྒྱལ་ཆེན་པོ་ལྷན་རྒྱས་མཆོག་གི་ཞབས་པད་རིན་པོ་ཆེའི་ཁྲིའི་དྲུང་དུ།

    སྤྲུལ་སྐུའི་གཡོག་གྲས་ཤར་ཚང་རྡོར་རྗེ་ཟེར་བའི་བྱེད་འཛོལ་སྣེ་ཡངས་ལ་བརྟེན་རྒྱལ་ཁྲིམས་ཀྱི་ཉེས་པ་བཅད་དེ་དེ་གར་ཕྱིར་མི་ལྡོགས་པས་རྒྱང་འབུད་སོང་བའི་ཁྱེད་ནས་བརྩིས་ལེན་ཐོག་སླད་གྲོས་བྱོལ་མི་བྱུང་ཆེད་རྐང་གཡས་བྱིན་ཉྭ་བཏོན་པ་ཡིན། དེ་དོན་བླ་དཔོན་ཆེན་པོས་རྣམ་གཡེངས་སུ་མངའ་བ་མཁྱེན་མཁྱེན”ཞེས་འཁོད་ཡོད།

    ཡིག་ཚགས་དེ་དག་ཐོག་ནས་བདེན་པ་བདེན་ཐུབ་པ་དང་གསོན་ཉམས་དོད་པོས་བོད་རྙིང་པའི་ཞིང་བྲན་གྱི་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་འཚོ་བ་མངོན་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་1965ལོའི་ཟླ་དགུ་པར་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་ང་ཕོད་ངག་དབང་འཇིགས་མེད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། དེ་ནས་བཟུང་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་ནས་ས་མཐོའི་ས་གཞི་ཆེ་མོར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཕྱེ་བ་དང་སྤྱི་ཚོགས་རྙིང་པའི་ཞིང་བྲན་རྣམས་སྤྱི་ཚོགས་གསར་པའི་བདག་པོར་གྱུར་བའི་ཐོག་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    རྟ་བདུན་དབང་པོ་ཤར་རིའི་རྩེ་མོ་ནས་ཤར་བ་དང་ཇ་བསྲུབས་མའི་དྲི་ཞིམ་ཞིང་འབྲོག་ཁུལ་དུ་འཐུལ། བོད་ལྗོངས་སྟེང་ཆེན་རྫོང་གྱང་སྔོན་ཤང་གྱང་སྔོན་གྲོང་ཚོའི་ཨ་མས་ཀྱང་བདེ་སྐྱིད་ལྡན་པའི་ཉིན་དེ་བསུས།

    ཨ་མ་1938ལོར་སྐྱེས་པ་དང་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ་སོགས་དོན་ཆེན་རབ་དང་རིམ་པ་བརྒྱུད་མྱོང་ཡོད་ལ། བོད་ཀྱི་འགྱུར་ལྡོག་ཆེན་པོ་དག་མིག་མཐོང་ལག་ཟིན་བྱུང་ཡོད། བོད་རྙིང་པར་ཁོང་ཉིན་ལྟར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པར་ཉིན་མོ་རྐང་རྗེན་མར་རྡོ་ཧྲུག་དང་ཚེར་མའི་ཁྲོད་མངའ་བདག་གི་ཕྱུགས་འཚོ་དགོས་ལ་མཚན་མོ་ལུག་ཚང་ནང་ཉལ་ནས་ལུས་འོག་ཏུ་རས་དུག་ཚལ་བཏིངས་བ་དང་ལུས་ཐོག་ཏུ་གོས་རྩབ་རལ་གྱོན་ནས་སྡོད་ཀྱི་ཡོད། དགུན་དུས་སུ་ཁོང་འཁྱགས་ནས་ལུག་ལ་འཐམས་ནས་དྲོད་འཁུག་ཐབས་བྱེད་ཀྱི་ཡོད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་བརྒྱུད་ཨ་མ་ཁོང་ལའང་ཡར་ལངས་བཅིངས་འགྲོལ་ཐོབ་ཅིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཨ་མ་ཁོང་ལ་ཡང་ཞིང་བྲན་གཞན་དང་འདྲ་བར་རང་ཁྱིམ་རང་བདག་བྱུང་། 1964ལོར་ཨ་མ་ཁོང་ཀུང་ཧྲེའི་ཨུ་ཡོན་ལ་བདམས་པ་དང་1972ལོར་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་མ་ཟད། ཕྱིས་སུ་གྱང་སྔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས། དེ་རྗེས་ཁོང་གིས་གྲོང་ཚོའི་མི་དམངས་རྣམས་སྣེ་ཁྲིད་དེ་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད།

    ད་ཆ་ཁོང་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཡོད་ལ་ཚ་བོ་གཉིས་ཀྱི་ནང་ནས་གཅིག་སྟེང་ཆེན་རྫོང་སློབ་འབྲིང་དུ་འགྲོ་བ་དང་གཅིག་ཤང་སློབ་ཆུང་དུ་འགྲོ་གི་ཡོད། 2009ལོར་ཁོང་གིས་བདེ་སྡོད་ལས་གྲྭའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་དེ་སྨི་ངོས་གྲུ་300ལྷག་ཡོད་པའི་སྡོད་ཁང་བསྐྲུན། ཁོང་ལ་ས་ཞིང་མུའུ་35དང་མགོ་ཕྱུགས་25ཡོད། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་བརྗོད་བྱུང་།

    གྲངས་གཞི་ལས་མངོན་པར། ལོ་50རིང་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་སོགས་ཕྱོགས་ཁག་ལ་བྱ་འཕུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། 1965ལོར་བོད་ཀྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར་3.27ཁོ་ན་ནས་2014ལོར་སྒོར་དུང་ཕྱུར་920.83ཟིན་ནས་ལྡབ་68.5འཕར་ཡོད། 2014ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22016ཟིན་པ་དེ་1978ལོའི་ལྡབ་39ཡིན་པ་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7359ཟིན་པ་དེ་1978ལོའི་ལྡབ་42ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།