[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • བོད་བཞུགས་ཨམ་བན།

  • ཡོང་ཁུངས།   གངས་རྒྱན་ན་ཆུང་ཚགས་པར་དྲ་བ།    |    རྩོམ་པ་པོ།   ཝང་ཁྲེང་ཁུན།    |    སྤེལ་དུས།   2013-07-11

        བོད་བཞུགས་ཨམ་བན་གྱི་རྒྱས་མིང་ལ “གནམ་བསྐོས་འཇམ་དབྱངས་གོང་མ་བདག་པོ་ཆེན་པོའི་བཀས་མངགས་བོད་ཀྱི་ལས་དོན་དབྱེ་འབྱེད་བློན་ཆེན  ”ཞེས་ཟེར། “ཨམ་བན ”ཞེས་པ་མན་ཇུའི་སྐད་ཡིན་པ་དང་བོད་སྐད་དུ “གོང་མའི་བཀས་མངགས ”ཀྱི་དོན་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་གོང་མས་ས་གནས་དང་ཞིང་ཆེན་ཁག་ཏུ་ལས་དོན་སྒྲུབ་པར་མངགས་པའི་སྐུ་ཚབ་བློན་ཆེན་ཡིན། ཆིང་ཁང་ཤིས་ཁྲི་ལོ་༤༨པར (༡༧༠༩ལོ )གོང་མ་ཆིང་ཧྲེང་ཙུའུ་ཡིས་ཨ་ས་ཁན་ཧོ་ཧྲོའུ་བོད་ལྗོངས་སུ་མངགས་ཏེ་ལྷ་བཟང་ཧན་ལ་བོད་ས་གནས་ཀྱི་ལས་དོན་སྒྲུབ་རོགས་བྱེད་དུ་བཅུག་པ་རེད། དེ་ནས་བཟུང་ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གིས་བོད་ལྗོངས་སུ་དཔོན་རིགས་མངག་འགོ་ཚུགས། ཆིང་ཡུང་ཊིང་ཁྲི་ལོ་༥བར (༡༧༢༧ལོ )བོད་ས་གནས་ཀྱི་བཀའ་བློན་ང་ཕོད་པ་དང་། ལུམ་པ་བ། སྦྱར་ར་བ་གསུམ་གྱིས་བཀའ་བློན་དའི་ཆིང་སྦ་དུར་དམར་གསོད་བྱས་ནས་ཟིང་འཁྲུག་བསླངས་པའི་རྐྱེན་གྱིས་ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གིས་སེང་གེ་དང་མ་ལཱ་གཉིས་བོད་ལྗོངས་སུ་མངགས་ཤིང་། དེའི་ཕྱི་ལོར་ཟིང་འཁྲུག་ཞོད་འཇགས་སུ་བཏང་རྗེས་བོད་བཞུགས་ཨམ་བན་ཡ་མོན་དངོས་སུ་བཙུགས་པ་རེད། བོད་བཞུགས་ཨམ་བན་གྱི་འགན་ཐོག་མར་འཁུར་མཁན་མ་ལཱ་དང་བོད་བཞུགས་ལས་རོགས་ཨམ་བན་གྱི་འགན་ཐོག་མར་འཁུར་མཁན་སེང་གེ་ཡིན། དེ་ཡང་བོད་བཞུགས་ཨམ་བན་དབུས་སུ་བཞུགས་རྒྱུ་དང་བོད་བཞུགས་ལས་རོགས་ཨམ་བན་གཙང་དུ་བཞུགས་རྒྱུ་གཏན་འབེབས་བྱས། ཆིང་ཆན་ལུང་ཁྲི་ལོ་༡༥པར (༡༧༥༠ལོ )འགྱུར་མེད་རྣམ་རྒྱལ་གྱི་ཟིང་འཁྲུག་ཞོད་འཇགས་སུ་བཏང་ནས་བཀའ་ཤག་གསར་དུ་བཙུགས་རྗེས་བོད་ས་གནས་ཀྱི་ལས་དོན་གནད་ཆེན་ཐག་གཅོད་དང་། དཔོན་རིགས་བསྐོ་འཐེན། བོད་དམག་གཏོང་འཐེན་སོགས་བྱ་རྒྱུ་ཚང་མ་ཏཱ་ལའི་བླ་མ་དང་བོད་བཞུགས་ཨམ་བན་རྣམ་གཉིས་ཀྱི་བཀའ་བཀོད་བཞིན་དུ་བྱ་དགོས། ཆན་ལུང་ཁྲི་ལོ་༥༨པར (༡༧༩༣ལོ )ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གིས 《བཀས་བཅད་བོད་ཀྱི་ལས་དོན་བྱེད་ཕྱོགས་དོན་ཚན་ཉེར་དགུ་བ 》གཏན་འབེབས་བྱས་པ་དེའི་ནང་དུ་བོད་བཞུགས་ཨམ་བན་གྱི་གོ་གནས་ཏཱ་ལའི་བླ་མ་དང་པཎ་ཆེན་རྣམ་གཉིས་དང་འདྲ་མཉམ་ཡིན་ཞིང་། དེ་ལ་ཏཱ་ལའི་བླ་མ་དང་པཎ་ཆེན་རྣམ་གཉིས་དང་ཧོ་ཐོག་ཐུ་ཆེ་ཁག་གི་ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱ་རྒྱུ་དང་། བོད་ས་གནས་སྲིད་གཞུང (བཀའ་ཤག )གི་དཔོན་རིགས་བསྐོ་འཐེན་དང་སྤོར་འབེབས་བྱ་རྒྱུ། ཕྱི་ཕྱོགས་ཉོ་ཚོང་དང་ནོར་སྲིད་ཡོང་འབབ་ལ་ཞིབ་བཤེར་བྱ་རྒྱུ་སྲིད་འཛིན་ལེགས་སྒྲིག་བྱ་རྒྱུ་སོགས་བོད་ལྗོངས་ཀྱི་ལས་དོན་ཆེ་ཕྲ་ཚང་མ་ཐག་གཅོད་རྒྱུའི་དབང་ཆ་ཡོད་ཅེས་བཀོད་ཡོད་༡༩༡༡ལོར་ལྕགས་ཕག་ལོའི་གསར་བརྗེ་བྱུང་རྗེས་བོད་བཞུགས་ཨམ་བན་ཕྱིར་འཐེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员