[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>དོན་ཆེན་ལོ་ཚིགས།
  • སྤྱི་ལོ་1126མེ་རྟ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-28

    སྤྱི་ལོ་1126མེ་རྟ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི། གཙང་ཉང་སྟོད་སྒོ་བཞིའི་རེ་ཐང་དུ་སྐུ་བལྟམས། དགུང་ལོ་བརྒྱད་དུ་ཕེབས་སྐབས་གསོ་རིག་གི་གཞུང་ལུགས་ལ་སྦྱང་པ་མཛད། དེ་ནས་མང་མཁར་ཚ་ལུང་བ་རོག་སྟོན་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་རྒྱུད་བཞིའི་བཀའ་འཁྲིད་ལེགས་པར་གསན། དགུང་ལོ་བཅོ་བརྒྱད་ནས་བཟུང་སྔ་རྗེས་སུ་རྒྱ་གར་དུ་ཐེངས་དྲུག་ཕེབས་ཐོག་མཁའ་འགྲོ་གཙོ་མོ་དཔལ་ལྡན་ཕྲེང་བ་དང་། དྲང་སྲོང་ཙ་ར་ཀ་སོགས་ཀྱི་དྲུང་ནས་གསོ་དཔྱད་ཀྱི་གཞུང་ལུགས་དུ་མ་གསན་ཏེ་མཁས་པའི་རྩེ་མོར་སོན། མཚན་སྙན་བ་དན་གཡོ་བ་ལྟར་གང་སར་ཁྱབ། དེ་ནས་བོད་དུ་ཕེབས་རྗེས་འགྲོ་དོན་རྒྱ་ཆེར་སྤེལ་ནས་ནད་པ་མང་པོའི་སྲོག་སྐྱབས་མཛད། གསོ་བ་རིག་པའི་བསྟན་བཅོས་དུ་མ་བརྩམས། གངས་ཅན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་གོང་དུ་སྤེལ་བར་བཀའ་དྲིན་ལྷག་པར་ཆེ། གསོ་རིག་གི་རྒྱུད་འཛིན་སློབ་མ་གྲངས་ལས་འདས་པ་བསྐྱངས། མཐར་དགུང་ལོ་བདུན་ཅུ་དོན་བདུན་ལ་ཕེབས་ཏེ་ཆུ་ཕག་(1203)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

    ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།