[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>དོན་ཆེན་ལོ་ཚིགས།
  • སྤྱི་ལོ་1128ས་སྤྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-28

    སྤྱི་ལོ་1128ས་སྤྲེལ། 

    འབྲུག་པ་བཀའ་བརྒྱུད་ཀྱི་སྲོད་གཏོད་པ་གླིང་རས་པདྨ་རྡོ་རྗེ་ནི། ཡབ་རྒྱལ་བ་སྐྱབ་བེ་དང་ཡུམ་གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་གཙང་མྱང་སྟོད་དུ་སྐུ་འཁྲུངས། མཚན་དུ་པདྨ་རྡོ་རྗེ་ཞེས་གསོལ། དགུང་ལོ་དགུ་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་པ་མཛད། དགུང་ལོ་སོ་བརྒྱད་པར་འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་གཙོ་བོར་གྱུར། བཀའ་འགྱུར་ཐུགས་སུ་ཆུད། སྤྱིར་རྒྱུད་ཀྱི་རྣམ་བཤད་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ། བདེ་མཆོག་གི་དཀྱིལ་འཁོར་སོགས་བསྟན་བཅོས་མང་དུ་བརྩམས། རྗེ་འདི་ཉིད་ཀྱི་སློབ་མ་གཙང་པ་རྒྱ་རས་ཀྱིས་སྐྱིད་སྨད་གནམ་ཕུར་འབྲུག་དགོན་པ་ཕྱག་བཏབ་སྟེ་བླ་སློབ་འདི་ཉིད་ཀྱིས་འབྲུག་པ་བཀའ་བརྒྱུད་པའི་སྲོལ་གཏོད། བཀའ་བརྒྱུད་བསྟན་པ་དར་ཞིང་རྒྱས་པར་སྤེལ། དགུང་ལོ་དྲུག་ཅུར་ཕེབས་དུས་ས་སྤྲེལ(1188)ལོར་དགོངས་པ་བདེ་བར་གཤེགས།

    ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།