[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>དོན་ཆེན་ལོ་ཚིགས།
  • 1955ལོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-05

    ཟླ་2ཚེས་24ཉིན་བོད་ཤིང་ལུག་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་ཆེད། ཏཱ་ལ་དང་པཎ་ཆེན་གྱིས་པེ་ཅིང་དུ་སྟོན་ཚོགས་གཟབ་རྒྱས་བཤམས་ནས་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལའེ་བཅས་གདན་འདྲེན་ཞུས་པ་རེད། ཀྲུའུ་ཞི་མའོ་ཙེ་ཏུང་གིས་སྟོན་ཚོགས་ཐོག“ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ་རང་རྒྱལ་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྲ་བརྟན་དུ་གཏོང་དགོས། རྒྱ་བོད་མི་རིགས་དང་དེ་བཞིན་བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྲ་བརྟན་དུ་བཏང་སྟེ་མཉམ་དུ་ང་ཚོའི་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་བྱེད་དགོས”ཞེས་ཤིས་ཚིག་གསུངས་པ་རེད།

    ཟླ་3ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པའི་ཐོག《བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱས་པ་དང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནད་དོན་དང་བོད་ས་གནས་ལ་འཛུགས་སྐྲུན་བྱེད་རོགས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་གཉིས་དང་དེ་བཞིན་བོད་ཀྱི་འབྲེལ་ཡོད་གནད་དོན་ཐད་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ལན་གཉིས་ལ་གྲོས་འཆམ་བྱས་པ་རེད།

    ཟླ་4ཚེས་1ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བོད་ས་གནས་སུ་བཙུགས་པའི་སྦྲག་སྲིད་དང་། ཏར་འཕྲིན། ཁ་པར་སོགས་ཀྱི་ཁེ་ལས་དང་དེ་བཞིན་སྒྲིག་བཀོད་དང་ས་ཚིགས་12དང་དེའི་སྒྲིག་ཆས་ཚང་མ་ཀྲུང་གོ་སྲིད་གཞུང་ལ་རྩིས་སྤྲད་པ་དང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ཟླ་7ཚེས་4ཉིན་པཎ་ཆེན་གཞིས་རྩེར་འབྱོར་པ།

    ཟླ་10ཚེས་20ཉིན་ལྷ་ས་དང་། གཞིས་རྩེ། རྒྱལ་རྩེ་བཅས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ།

    ཟླ་11ཚེས་23ཉིན་འགྲིམ་འགྲུལ་པུའི་བོད་ལྗོངས་འགྲིམ་འགྲུལ་ཅུས་ལྷ་སར་བཙུགས་པ།

    ཟླ་12ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་གིས་བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་དེ་བས་རྒྱ་ཁྱབ་དང་དེ་བས་ལྷུག་པོའི་སྒོ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་ཏེ་བོད་རང་སྐྱོང་ལྗོངས་བཙུགས་རྒྱུ་དང་མང་ཚོགས་ཀྱི་ལས་དོན་རིམ་གྱིས་སྤེལ་རྒྱུར་ཆ་རྐྱེན་བསྐྲུན་དགོས་ཞེས་མཛུབ་སྟོན་གནང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།