[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>དོན་ཆེན་ལོ་ཚིགས།
  • 1956ལོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-05

    ཟླ་1ཚེས་13ཉིན་ཀྲུང་གུང་བོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ལ་ཕུལ་བའི་བསམ་འཆར་ནང་ཟླ་4ཚེས་22ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་བཏོན་པ་དང་ཀྲུང་དབྱང་གིས་བསམ་འཆར་དེར་མོས་མཐུན་གནང་བ་རེད།

    ཟླ་4ཚེས་22ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་ཆེན་ཐོག《བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཞིབ་སྲོལ》ལ་གྲོས་འཆམ་བྱས་པ་དང་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིར་གུས་འདུད་ཞུ་བའི་གློག་འཕྲིན་བཏང་བ་རེད།

    《བོད་ལྗོངས་ཉིན་རེའི་ཚགས་པར》(བོད་ཡིག་དང་རྒྱ་ཡིག་པར་ངོས)བཏོན་པ།

    ཟླ་5ཚེས་2ཉིན་ལྷ་སས་འདུ་ཚོགས་ཆེན་པོ་ཞིག་གཉེར་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པར་རྟེན་འབྲེལ་ཞུས་པ་རེད།

    ཟླ་6ཚེས་30ཉིན་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་ཐིང་དང་། ཨུ་ཡོན་ལྷན་ཁང་། ཁྲུའུ་བཅས་14ཚང་མ་བཙུགས་པ་དང་འགན་གཙོ་བོ་འཁུར་མཁན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་བསྐོ་བཞག་བྱས་ཡོད།

    ཟླ་7ཚེས་10ཉིན་ཀྲུང་དབྱང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས《བོད་ལྗོངས་ས་ཁུལ་གྱི་1956ལོ་ནས་1960ལོ་བར་གྱི་ལོ་ལྔ་ཡི་འཆར་འགོད་སྐོར་གྱི་བསམ་འཆར་རགས་ཙམ》འཆར་འགོད་གཏན་འཁེལ་བྱས་ནས་ཀྲུང་དབྱང་ལ་སྙན་སེང་ཞུས་ཡོད། དམངས་གཙོའི་བཅོས་སྒྱུར་དྲིལ་བསྒྲགས་ཤུགས་ཆེན་དང་གཙོ་གནད་ཐོག་ཚོད་སྒྲུབ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།

    ཟླ་8ཚེས་29ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གཞུང་དོན་ཁང་སྔ་རྗེས་སུ་བཙུགས་ཡོད།

    ཟླ་9ཚེས་20ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་རྒྱལ་ལྡན་རྒྱལ་ཁབ་དབར་མཛའ་གྲོག་འབྲེལ་བ་རྒྱུན་འཁྱོང་བྱས་པ་དང་དེ་བཞིན་ཀྲུང་གོའི་བོད་ལྗོངས་ས་ཁུལ་དང་ནེ་པ་ལའི་དབར་གྱི་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་ཆོད》ལ་ཀ་ཏ་མན་རྡུ་རུ་མིང་རྟགས་བཀོད་ཡོད། ཀྲུང་གོའི་བོད་ལྗོངས་ས་གནས་སུ་ཡོད་པའི་ནེ་པ་ལའི་དམིགས་བསལ་དབང་ཆ་ཚང་མ་མེད་པ་བཟོས་ཡོད།

    ཟླ་10ཚེས་19ཉིན་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དམངས་གཙོའི་བཅོས་སྒྱུར་གྱི་གྲ་སྒྲིག་ལས་དོན་ཁུ་བསྡུ་བྱས་པ་དང་ཆབས་ཅིག་བོད་རིགས་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།