[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • ཡབ་གཞིས་ཕུན་ཁང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27


    微信图片_20190627172121.jpg

    གནས་ཡུལ། ལྷ་སའི་ཁྲོམ་གཟིགས་སྒང་ཚོང་རའི་ནུབ་ཕྱོགས་སུ་གནས། 

    གོ་དོན། ཕུན་ཁང་ནི་ཕུན་ཚོགས་ཁང་གསར་ཞེས་པའི་བསྡུས་མིང་ཡིན།

    འབྱུང་ཁུངས། ཕུན་ཁང་གཞིས་ཀ་ནི་ཡར་ཀླུང་ཁུལ་ཁྲ་འབྲུག་གྲོང་ཚོར་གནས་ཤིང་གོམས་སྲོལ་ལྟར་ལྷ་སའི་གཟིག་ཤག་ལ་མིང་དེ་རང་སོར་སྤྱད་པ་ཞིག་ཡིན།

    འཕེལ་འགྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པ་ཞིང་དུ་གཤེགས་རྗེས་འོས་སྤྲུལ་གསུམ་བདམས་ཐོན་བྱུང་བ་དང་། 1841ལོའི་ཟླ་5ཚེས་25ཉིན་གསེར་བུམ་དཀྲུགས་འདོན་བྱས་པ་བརྒྱུད་ཕ་ཡུལ་དར་རྩེ་མདོ་ནས་ཡིན་པའི་འོས་སྤྲུལ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པར་གཏན་འཁེལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་གསེར་ཁྲིར་མངའ་གསོལ་རྗེས་ཡབ་ཆེན་ཚེ་དབང་དོན་གྲུབ་ལ་གུང་གི་ཆོ་ལོ་གནང་བ་དང་། འཚོ་རྟེན་དུ་ཕུན་ཁང་གཞིས་ཀ་སོགས་འབུལ་སྦྱོར་མཛད་པས་བོད་ཀྱི་སྐུ་དྲག་ཆེ་གྲས་སུ་གྱུར། དམངས་གཙོའི་བཅོས་བསྒྱུར་རྗེས་སུ་ལྷ་སར་གནས་པའི་ཕུན་ཁང་གཟིམ་ཤག་འདི་ཉིད་གྲོང་མིའི་སྡོད་ཁང་དུ་གྱུར་བ་དང་། དུས་ཡུན་རིང་མོ་ཞིག་གི་ནང་དེའི་འོག་ཐོག་ནི་འོད་ཟེར་ཇ་ཁང་ཞེས་མིང་བཏགས་པའི་ཇ་ཁང་ཞིག་ཡིན། 2007ལོར་ལྷ་ས་གྲོང་ཁྱེར་ནས་བོད་ལུགས་སྐྲུན་དངོས་རྙིང་པར་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གཉེར་བའི་ཁྲོད་ཡབ་གཞིས་ཕུན་ཁང་གི་གཟིམ་ཤག་ལེ་ལག་དང་བཅས་པར་ཉམས་གསོ་བྱས་ནས་ཁྱིམ་ཚང་མགྲོན་ཁང་གི་རྣམ་པར་བཅོས་ཡོད། (གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུས་ལས་དྲངས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།